བོད་ལྗོངས།
བོད་ཀྱིས་2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོ་སྤེལ་བ།

(体育·图文互动)(1)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    འདི་ནི་ཟླ་5ཚེས་11ཉིན་ཇོ་རིའི་རི་འཛེག་སྒར་ས་ཆེ་མོར་པར་ལེན་བྱས་པའི་2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོ་སྤེལ་ཡུལ་དངོས་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉིན་དེར་2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོ་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་རིའི་རི་འཛེག་སྒར་ས་ཆེ་མོར་སྤེལ་ཡོད། ཇོ་མོ་གླང་མ་དང་ཇོ་བོ་དབུ་ཡག ཤི་ཤ་སྦང་མ་བཅས་རི་བོ་གསུམ་གྱི་གཙང་སེལ་བྱས་པའི་གད་སྙིགས་རིགས་དབྱེ་ནས་ཕྱིར་བསྡུ་བྱས་ཏེ་རི་བོ་གནས་སའི་ཁོར་ཡུག་སྲུང་སྐྱོང་ཚན་པར་གཙང་སེལ་བྱ་རྒྱུར་རྩིས་སྤྲད་པ་དང་། ཕྱིར་བསྡུ་བྱེད་རུང་བའི་རི་འཛེག་གད་སྙིགས་ཁག་གཅིག་ཕྱིར་བསྡུ་བྱས་ནས་གཙང་སེལ་བྱ་རྒྱུ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཀྲུང་གོ་རི་འཛེག་མཐུན་ཚོགས་ནས་གཙོ་གཉེར་བྱས་ཡོད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས། རི་བོ་གསུམ་པོ་དེའི་གད་སྙིགས་གཙང་སེལ་བྱེད་པའི་ལས་དོན་ནི་ཟླ་4ཚེས་20ཉིན་འགོ་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་རི་འཛེག་མཐུན་ཚོགས། བོད་ལྗོངས་གནས་རི་ཀུང་སི། བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་སྣེ་ཤན་སློབ་གྲྭ་བཅས་ནས་གཙང་སེལ་ལས་ཀའི་འགན་འཁུར་ཡོད། མིག་སྔར་ཇོ་བོ་དབུ་ཡག་དང་ཤི་ཤ་སྦང་མའི་རི་འཛེག་གད་སྙིགས་གཙང་སེལ་བྱེད་པའི་བྱེད་སྒོ་ལེགས་གྲུབ་ཟིན་པ་དང་། ཇོ་མོ་གླང་མའི་རི་འཛེག་གད་སྙིགས་གཙང་སེལ་བྱེད་པའི་བྱེད་སྒོ་ཟླ་6པའི་བར་རྒྱུན་མཐུད་དུ་སྤེལ་རྒྱུ་རེད་ཅེས་གསལ་སྟོན་བྱས།

(体育·图文互动)(2)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    ཟླ་5ཚེས་11ཉིན། རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་རྩྭ་རས་ནང་བླུགས་པའི་རི་འཛེག་གད་སྙིགས་རླངས་འཁོར་ནང་བསྐྱལ་ནས་རི་གཤམ་དུ་དབོར་རྩིས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(体育·图文互动)(3)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    ཟླ་5ཚེས་11ཉིན། རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་རྩྭ་རས་ནང་བླུགས་པའི་རི་འཛེག་གད་སྙིགས་རི་གཤམ་དུ་དབོར་རྩིས་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(体育·图文互动)(4)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    ཟླ་5ཚེས་11ཉིན། རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་ཇོ་རིའི་རི་འཛེག་སྒར་ས་ཆེ་མོར་འདྲ་པར་མཉམ་ལེན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(体育·图文互动)(5)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    འདི་ནི་ཟླ་5ཚེས་11ཉིན་པར་ལེན་བྱས་པའི་རི་གཤམ་དུ་དབོར་གྲབས་ཡོད་པའི་རྩྭ་རས་ནང་བླུགས་པའི་རི་འཛེག་གད་སྙིགས་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(体育·图文互动)(6)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    འདི་ནི་ཟླ་5ཚེས་11ཉིན་པར་ལེན་བྱས་པའི་རི་གཤམ་དུ་དབོར་གྲབས་ཡོད་པའི་རྩྭ་རས་ནང་བླུགས་པའི་རི་འཛེག་གད་སྙིགས་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(体育·图文互动)(7)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་ཤི་ཤ་སྦང་མའི་ས་བབ་མཐོ་ཚད་སྨི་5114ནས་སྨི་5800བར་ཁུལ་དུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་པ། (ཟླ་5ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མཁོ་འདོན་བྱས)

(体育·图文互动)(8)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་ཇོ་རིའི་མདུན་སྐྱོད་སྒར་སའི་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཁུལ་དུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་པ། (ཟླ་5ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མཁོ་འདོན་བྱས)

(体育·图文互动)(9)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་ཇོ་རིའི་མདུན་སྐྱོད་སྒར་སའི་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཁུལ་དུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་པ། (ཟླ་5ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མཁོ་འདོན་བྱས)

(体育·图文互动)(10)西藏举行2020年春季登山垃圾清理回收活动 山峰环保机制逐步健全

    རི་འཛེག་གད་སྙིགས་གཙང་སེལ་དང་ཕྱིར་བསྡུ་བྱེད་པའི་བྱེད་སྒོར་ཞུགས་པའི་མི་སྣས་ཇོ་རིའི་མདུན་སྐྱོད་སྒར་སའི་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཁུལ་དུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་པ། (ཟླ་5ཚེས་9ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་མཁོ་འདོན་བྱས)

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001390507501