བོད་ལྗོངས་པ་སྣམ་རྫོང་དཔའ་རྩལ་ཤང་བོན་ཚང་གྲོང་ཚོའི་ཞིང་པས་དྲོད་ཁང་ཆེ་མོའི་ནང་ཤིས་ཀྭ་བདག་སྐྱོང་བྱེད་པ། (ཟླ་9ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བསོད་ནམས་ནོར་བུས་པར་བླངས)
ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་པ་སྣམ་རྫོང་དཔའ་རྩལ་ཤང་བོན་ཚང་གྲོང་ཚོས་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གཅིག་གྱུར་གསོ་སྦྱོང་དང་གཅིག་གྱུར་མ་དངུལ་གཏོང་བ། གཅིག་གྱུར་དོ་དམ་སོགས་ཀྱི་བྱེད་ཐབས་བརྒྱུད། ས་གནས་དེ་གའི་ཞིང་པར་སྔོ་ཚལ་འདེབས་འཛུགས་དང་དོ་དམ་ལག་རྩལ་ཤེས་སུ་འཇུག་ཅིང་། དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་པ་དང་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད།
བོད་ལྗོངས་པ་སྣམ་རྫོང་དཔའ་རྩལ་ཤང་བོན་ཚང་གྲོང་ཚོར་མཉམ་ལས་ཁང་གི་ལག་རྩལ་མི་སྣས་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་པ། (ཟླ་9ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བསོད་ནམས་ནོར་བུས་པར་བླངས)