བོད་ལྗོངས།
འདི་ནི་ཆབ་མདོ་ཡིན།

(西藏昌都解放70周年·新华视界)(1)这里就是西藏昌都!

    འདི་ནི་ཆབ་མདོའི་རྣམ་པ་ཡིན་ཞིང་། ངོམ་ཆུ་དང་ཟླ་ཆུ་གཉིས་ཀྱི་འདུས་མདོར་ཆགས་ཡོད། (ཟླ་9ཚེས་17ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ།

    འཕྲེད་རྒྱུག་རི་བོ་དང་བཅས་པའི་རི་བོ་ཁྲི་སྟོང་མང་པོ་གནས།

    ལོ་ངོ་སྟོང་ཕྲག་དུ་མའི་རིང་།

    འབྲི་ཆུ་དང་ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་ཆེན་གསུམ་བྱང་ནས་ལྷོར་ལྷུང་ལྷུང་དུ་འབབ་ཅིང༌།

    འོད་སྟོང་འཕྲོ་བའི་ཁམས་ཁུལ་གྱི་རིག་གནས་དང་།

    རབ་ཏུ་གཙང་བའི་རང་བྱུང་མཛེས་ལྗོངས་གྲུབ་ཡོད།

    གནས་འདིར།

    བོད་ལྗོངས་ཀྱི་སྐར་ལྔའི་དར་མ་དང་པོ་ལྷབ་ལྷུབ་ཏུ་བསྒྲེངས་ཡོད་ཅིང་།

    ཉི་མའི་འོད་ཟེར་ས་འདི་ནས་གངས་ལྗོངས་ས་མཐོར་ཁྱབ་པ་དང་།

    བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་འགོ་ཚུགས་ཡོད།

    གནས་འདིར།

    དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གནས་ཡོད་ལ། ཁ་བས་བཀླུབས་པའི་རི་ཀླུང་ཆགས་ཡོད།

    འཕྲེད་རྒྱུག་རི་རྒྱུད་ཀྱི་དམིགས་བསལ་ས་ཁམས་འོག

    བོད་ཤར་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཡུལ་ལྗོངས་བཏོད་ཡོད་ལ།

    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གྲུབ་ཡོད།

    སྤྱི་ལེ་ངོས་གྲུ་ཁྲི་10.86ཟིན་པའི་ས་འདིའི་ཐོག

    མི་རིགས་ཁག་གི་མི་དམངས་ཁྲི་78འཚོ་སྡོད་བྱེད་བཞིན་མཆིས།

    གནས་འདིར།

    བོད་ཤར་རྒྱུད་ཀྱི་གསར་བརྗེའི་ས་སྟེང་དུ།

    གཞི་ཁྱོན་ཧ་ཅང་ཆེ་བའི་དར་སྤེལ་འཆར་གཞི་སྤེལ་བཞིན་ཡོད་ཅིང་།

    དབུལ་སྒྲོལ་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་།

    སྲོལ་རྒྱུན་དང་དེང་རབས་མཉམ་ཏུ་འདྲེས་པས།

    ཆུ་ཆེན་གསུམ་པོ་འདུས་པའི་ས་གཞི་ཆེན་པོ་འདི་ཉིད་ལང་ཚོ་རབ་ཏུ་རྒྱས་ཤིང་།

    གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བྱེད་བཞིན་ཡོད།

    གནས་འདིའི།

    ཐག་རིང་དུ་བུད་པའི་དྲིལ་བུའི་སྒྲ།

    སྙན་འཇེབས་ལྡན་པའི་པི་ཝང་།

    སྤྲོ་སྣང་ལྡན་པའི་རལ་པ།

    ཉམས་འགྱུར་ལྡན་པའི་སྐོར་བྲོ།

    འདི་ནི་མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བའི་བོད་ཤར་རྒྱུད་ཀྱི་མུ་ཏིག་ཏུ་འབོད་པའི་ཆབ་མདོ་ཡིན།

(西藏昌都解放70周年·新华视界)(2)这里就是西藏昌都!

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་གནའ་བོའི་ཚྭ་ཞིང་། (ཟླ་9ཚེས་28ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(西藏昌都解放70周年·新华视界)(3)这里就是西藏昌都!

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་ཐོ་ཤང་དུ་པར་ལེན་བྱས་པའི་ལྷ་ཐོ་འདམ་ར། (ཟླ་9ཚེས་28ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས། 

(西藏昌都解放70周年·新华视界)(4)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་སྤུ་ཐོག་མཚོའི་མཛེས་ལྗོངས་ཡིན། (ཟླ་9ཚེས་19ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(西藏昌都解放70周年·新华视界)(5)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྩེ་དྲུག་དགོན་ཡིན། (ཟླ་9ཚེས་19ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(西藏昌都解放70周年·新华视界)(6)这里就是西藏昌都!

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་པར་ལེན་བྱས་པའི་འབྲི་ཆུ་ཡིན། (ཟླ་9ཚེས་24ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(西藏昌都解放70周年·新华视界)(7)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱི་ལ་སྒོ་འཁྱགས་རོམ་ཡིན། (ཟླ་9ཚེས་10ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(西藏昌都解放70周年·新华视界)(8)这里就是西藏昌都!

    འདི་ནི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྟོབས་འབར་ཤང་གི་གྲོང་མིའི་སྡོད་ཁང་ཡིན། (ཟླ་9ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(西藏昌都解放70周年·新华视界)(9)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཀྱི་ཟུར་ཞིག་ཡིན། (ཟླ་9ཚེས་18ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(西藏昌都解放70周年·新华视界)(10)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོའི“མདོག་གསུམ་མཚེའུ”ཡིན། (ཟླ་9ཚེས་26ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས། 

(西藏昌都解放70周年·新华视界)(11)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་གྱི་ཡར་གྲོང་བདེ་སྐྱིད་གྲོང་གསར་ཡིན། (ཟླ་9ཚེས་21ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(西藏昌都解放70周年·新华视界)(12)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་གྲོང་ཚོ་དང་གྲོང་ཚོའི་ནང་གི་སྡོང་ཕྲུག་ར་བའི་ཐོན་ལས་རྟེན་གཞི་ཡིན། (ཟླ་9ཚེས་28ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(西藏昌都解放70周年·新华视界)(13)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོའི་སྤང་མདའ་རྩྭ་ཐང་གི་སྐྱ་རེངས་ཀྱི་རྣམ་པ་ཡིན། (ཟླ་9ཚེས་15ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(西藏昌都解放70周年·新华视界)(14)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནང་ཁོངས་ཀྱི་ས་མཐོའི་རྩྭ་རའི་རྣམ་པ་ཡིན། (ཟླ་9ཚེས་27ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(西藏昌都解放70周年·新华视界)(15)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་མོ་རྔུལ་ཆུའི་གྲོག་རོང་གཏིང་གི་གྲོང་ཚོ་ཡིན། (ཟླ་9ཚེས་13ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(西藏昌都解放70周年·新华视界)(16)这里就是西藏昌都!

    འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་གནའ་གྲོང་གི་གྱང་ངོས་སོགས་ཀྱི་གནའ་ཤུལ་ཡིན། (ཟླ་9ཚེས་24ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(西藏昌都解放70周年·新华视界)(17)这里就是西藏昌都!

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ནང་ཁོངས་ཀྱི་རྒྱལ་མོ་རྔུལ་ཆུའི་གུག་ཆ་72ཡིན། (ཟླ་9ཚེས་17ཉིན་པར་བླངས། མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(西藏昌都解放70周年·新华视界)(18)这里就是西藏昌都!

    ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཛུམ་མདངས། (མཐུད་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394421691