ལྷ་ས་གོང་དཀར་གནམ་ཐང་གི་བབས་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་མ་དངུལ་ཁྱོན་སྒོར་དུང་ཕྱུར་39.07བཏང་ཡོད། 2016ལོར་ཕྱོགས་ཡོངས་ནས་ཨར་སྐྲུན་བྱེད་འགོ་བཙུགས་ཚུན་ལས་དོན་ཁག་བདེ་བླག་བྱུང་ནས་གསར་དུ་རྒྱག་བཞིན་པའི་གནམ་ཐང་བབས་ཚུགས་T3དེ་འདི་ལོའི་ཟླ་བདུན་པར་ལས་མཇུག་འགྲིལ་ཏེ་ལས་གྲྭ་ཧྲིལ་པོ་མཛེས་བཟོ་བྱེད་པའི་དུས་རིམ་དུ་སླེབས་ཡོད། འདི་ནི་གསར་དུ་བརྒྱབ་པའི་གནམ་ཐང་བབས་ཚུགས་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།