བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་མང་ཚོགས་ཀྱིས《ཆུ་སྲིན་གྱི་འཇིག་རྟེན》ཞེས་པའི་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་བ། (ཟླ་10ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཟླ་10ཚེས་30ཉིན་གྱི་དགོང་མོ་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་བྱིས་པ་ཚོས་ཧྲང་ཧའེ་ཚན་རྩལ་ཁང་གི་བརྗོད་དོན་གཙོ་བོ་རྒྱ་མཚོ་བྱས་པའི《ཆུ་སྲིན་གྱི་འཇིག་རྟེན》ཞེས་པའི་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཡོད། འདི་ནི་2020ལོར་ཚན་རྩལ་པུའི“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”ཞེས་པའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལྟ་སྐོར་ནང་ཞུགས་མཁན་ཚོས་རྒྱ་མཚོའི་ཁོར་ཡུག་ལ་རྒྱུས་ལོན་དང་། རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་དང་རྒྱ་མཚོའི་སྐྱེ་དངོས་ཤེས་བྱ་ཤེས་རྟོགས་ཐུབ་པའི་ཐོག འཚོལ་ཞིབ་ཁྲོད་བྱིས་པའི་མཚར་སྣང་དང་འཆར་སྣང་། གསར་གཏོད་ཀྱི་སེམས་པ་བཅས་སྐུལ་སློང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གསོ་སྐྱོང་བྱ་ཆེད་རེད།
བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གྲོགས་པོ་ཆུང་ཆུང་ཚོས《ཆུ་སྲིན་གྱི་འཇིག་རྟེན》ཞེས་པའི་འགྲེམས་སྟོན་ཚོམས་ཆེན་དུ་རྩེད་མོ་རྩེ་བ། (ཟླ་10ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཞིག་གིས་ཆུ་སྲིན་གྱི་སྙིང་གི་དཔེ་གཟུགས་ལ་ལྟ་བ། (ཟླ་10ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གྲོགས་པོ་ཆུང་ཆུང་ཞིག་གིས་རང་གིས་བཟོས་པའི་ཉ་ཆུང་གི་དཔེ་གཟུགས་འཁྱེར་ནས་བྱ་དགའ་ལེན་པ། (ཟླ་10ཚེས་30ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།