བོད་ལྗོངས།
བོད་ཀྱི་ཉིང་ཁྲིའི་ས་མཐོའི་ཀུ་ཤུར་ལོ་ལེགས་བྱུང་བ།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བོད་ལྗོངས་ཉིང་ཁྲིའི་དེང་རབས་ཀུ་ཤུ་ཚད་ལྡན་ཅན་གླིང་དུ་ལས་མི་ཚོས་ཀུ་ཤུ་འཐོག་པ། (ཟླ་11ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉིན་འགའི་གོང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཀུ་ཤུ་སྨིན་ནས་ལོ་ལེགས་བྱུང་བ་དང་ས་གནས་དེ་གའི་ཞིང་འབྲོག་པས་ཤིང་འབྲས་ལྡུམ་རའི་ནང་ཀུ་ཤུ་འཐོག་པར་བྲེལ། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཧ་ལམ་ཀུ་ཤུ་མུའུ་ཁྲི་3.78ཙམ་བཏབ་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཐོན་ཚད་ཏུན་ཁྲི་1.5ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.7ཟིན་རྒྱུ་རེད།

    ཉིང་ཁྲི་གྲོང་ཁྱེར་ནི་བོད་ཀྱི་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ས་མཐོའི་སྣོད་བཅུད་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་ཀུ་ཤུའི“སྣ་ཁ་གསར་པ་དང་ལག་རྩལ་གསར་པ། མ་དཔེ་གསར་པ། ཞིང་ལས་ལག་རྩལ་གསར་པ”བཅས་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཁྱབ་གདལ་བཏང་ནས་ཤིང་འབྲས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བོད་ལྗོངས་ཉིང་ཁྲིའི་དེང་རབས་ཀུ་ཤུ་ཚད་ལྡན་ཅན་གླིང་དུ་ལས་མིས་ཀུ་ཤུ་འཐོག་པ། (ཟླ་11ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བོད་རང་སྐྱོང་ལྗོངས་ཧྲེང་ཧྲེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཀུ་ཤུ་རྟེན་གཞིར་ལས་མི་ཚོས་ཀུ་ཤུ་དབྱེ་བ་འབྱེད་པ། (ཟླ་11ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བོད་རང་སྐྱོང་ལྗོངས་ཧྲེང་ཧྲེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཀུ་ཤུ་རྟེན་གཞིར་ལས་མི་ཚོས་ཀུ་ཤུ་ཐུམ་སྒྲིལ་རྒྱག་པ། (ཟླ་11ཚེས་22ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    འདི་ནི་ཟླ་11ཚེས་22ཉིན་པར་ལེན་བྱས་པའི་བོད་རང་སྐྱོང་ལྗོངས་ཧྲེང་ཧྲེ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཀུ་ཤུ་ཚད་ལྡན་ཅན་གླིང་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395395901