བོད་ལྗོངས།
ལྗང་མདོག་སྤུས་རྟགས་བཏོད། ཕྱུག་འགྱུར་ལམ་བུར་བསྐྱོད།

    ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་གནས་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་གཏོད་རྒྱུ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། 2017ལོར་རྫོང་དེའི་མདོ་ཡུལ་ཤང་གི་ལྗང་མདོག་ཞིང་ལས་ཐོན་རྫས་མཉམ་ལས་ཁང་བཙུགས་པ་དང་ཇ་གཙོ་བོར་བྱེད་པའི་ཞིང་པའི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་། ཕྱིར་ཚོང་། ལས་སྣོན། ཉར་ཚགས། སྐྱེལ་འདྲེན་བཅས་དང་དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་དང་ཆ་འཕྲིན་ཞབས་ཞུའི་ལས་དོན་སྤེལ་གྱི་ཡོད། མཉམ་ལས་ཁང་དེར་ད་ལྟ་ལས་མི་28ཡོད་པ་དང་། ས་གནས་འདིའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཅིང་། འདི་ནི་ལྗང་མདོག་ཞིང་ལས་ཐོན་རྫས་མཉམ་ལས་ཁང་གི་ལས་དོན་པས་ཇར་ཐུམ་སྒྲིལ་རྒྱག་བཞིན་པ།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395934061