བོད་ལྗོངས།
བོད་ལྗོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་བྱས་ནས་དྲག་སྐྱེད་ཐུབ་ཚད་སྐས་རིམ་གསར་པར་སླེབས་པ།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ(གཡོན་གྱི་དང་པོ)དང་། སྨན་པ་རབ་འབྱམས་པ་བཀྲ་ཤིས་ཡོན་ཏན(དཀྱིལ) ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཕུན་ཚོགས(གཡས་ཀྱི་གཉིས་པ) སྨན་དོན་པུའི་ཀྲུའུ་རེན་བདེ་གཡང(གཡས་ཀྱི་དང་པོ)བཅས་ཀྱིས་གཤགས་བཅོས་མ་བྱས་གོང་གྲོས་བསྡུར་བྱེད་པ། (2020ལོའི་ཟླ་12ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ནི་དེ་སྔ་ཐུམ་འབུའི་ནད་ཁྱབ་ཚད་ཚབས་ཆེ་བའི་ས་ཁོངས་ཤིག་ཡིན། དེ་སྔོན་ནད་རིགས་འདིས་ཤི་ཚད་མཐོ་པོ་ཡོད། དབུལ་སྒྲོལ་དགག་སྒྲོལ་བྱས་ཚུན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་ལྗོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་བྱས་ནས་དྲག་སྐྱེད་ཐུབ་ཚད་སྐས་རིམ་གསར་པར་སླེབས་པ་བྱས་ཡོད།

    བོད་ལྗོངས་ཀྱིས་2017ལོར་ཐུམ་འབུའི་ནད་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་གཞིའི་གྲས་སུ་བཅུག་སྟེ“བོད་ལྗོངས་ནས་མི་ཐོན་པ་དང་། སྔོན་མངགས་བྱེད་མི་དགོས་པ། སྒུག་མི་དགོས་པ། སྨན་རིན་མི་དགོས་པ”བཅས་ཐུབ་ཡོད། 2017ལོའི་ལོ་སྨད་ནས་2019ལོའི་ལོ་མཇུག་བར་བོད་ལྗོངས་སུ་ཐུམ་འབུའི་ནད་ཕོག་པའི་ནད་པ་5057ལ་གཤགས་བཅོས་བྱས་པ་དང་། སྨན་བཅོས་ཐུབ་ཚད་77.62%ཟིན་པ། སྨན་བཟས་ནས་སྨན་བཅོས་བྱ་རྒྱུར་འཚམས་པའི་ནད་པར་གཅིག་གྱུར་ཐོག་སྨན་སྤྲད་ནས་སྨན་བཅོས་བྱས་པ་མ་ཟད། ཤང་འཕྲོད་བསྟེན་ཁང་གིས་བབ་བསྟུན་ངང་ཐོ་འགོད་དོ་དམ་བྱས་པས་ཞིང་འབྲོག་པ་ཁྲི་སྟོང་མང་པོའི་ཚེ་སྲོག་བསྐྱབས་པ་དང་། ཁྱིམ་ཚང་དེ་དག་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་གཉིས་པར་སྨན་པ་གཉིས་ཀྱིས་གཤགས་བཅོས་མ་བྱས་གོང་ཐུམ་འབུའི་ནད་ཕོག་པའི་ནད་པའི་CTབརྙན་པར་ལ་ལྟ་བ། (2020ལོའི་ཟླ་12ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་གཉིས་པར་སྨན་པ་རབ་འབྱམས་པ་བཀྲ་ཤིས་ཡོན་ཏན(གཡས)དང་ལས་རོགས་ཀྱིས་ཐུམ་འབུའི་ནད་ཕོག་པའི་ནད་པར་གཤགས་བཅོས་བྱེད་པ། (2020ལོའི་ཟླ་12ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་གཉིས་པར་སྨན་པ་རབ་འབྱམས་པ་བཀྲ་ཤིས་ཡོན་ཏན་གྱིས་ཐུམ་འབུའི་ནད་ཕོག་པའི་ནད་པར་གཤགས་བཅོས་བྱེད་པ། (2020ལོའི་ཟླ་12ཚེས་31ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396434171