བོད་ལྗོངས།
བོད་ལྗོངས་གཞིས་རྩེར་བཀོད་སྒྲིག་བྱ་ཡུལ་དུ་ལོ་གསར་གཏོང་བ།

    ཟླ་1ཚེས་14ཉིན། དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་ནང་གྲོང་མི་ཚོས་སོ་ནམ་ལོ་གསར་དགའ་གཏོང་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན་ནི་བོད་ཀྱི་སོ་ནམ་ལོ་གསར་ཡིན་ཞིང་། ས་སྐྱ་རྫོང་བྲག་མཇུག་ཤང་རྒྱལ་ལམ་318ཀྱི་ཉེ་འགྲམ་གྱི་དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཁང་པ་གསར་པར་སྤོས་རྗེས་ཀྱི་ལོ་གསར་དང་པོ་དེ་དགའ་གཏོང་བྱས་ཡོད།

    སོ་ནམ་ལོ་གསར་དང་བོད་ཀྱི་ལོ་གསར་བར་ཧེ་བག་དུས་ཡུན་ཟླ་བ་གཅིག་ཡོད་པ་དང་། གཞིས་རྩེར་བོད་ཀྱི་འབྲུ་མཛོད་ཅེས་གྲགས་ཤིང་ལོ་རྒྱུས་ཐོག་གཞིས་རྩེའི་མི་རྣམས་ཀྱིས་ཞིང་ལས་འཐུས་ཤོར་མ་ཡོང་བའི་ཆེད་དུ་བོད་ཟླ་བཅུ་གཉིས་པར་ལོ་གསར་དགའ་གཏོང་བྱེད་པ་དང་དུས་ད་ལྟའང་སྲོལ་དེ་རྒྱུན་མཐུད་ཐུབ་ཡོད།

    ཟླ་1ཚེས་14ཉིན། དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་སྒོ་འགྲམ་དུ་གྲོང་མིས་གཟབ་སྤྲོས་གྱོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་1ཚེས་14ཉིན། དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་ནང་གྲོང་མི་བུ་ཁྲིད(དཀྱིལ)ཀྱིས་ནང་མིའི་རོགས་རམ་འོག་རྣ་རྒྱན་འདོགས་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་1ཚེས་14ཉིན། དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་ནང་གྲོང་མིས་གྲོ་སོ་ཕྱེ་མར་བཀྱགས་ནས་སྐུ་མགྲོན་བསུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟླ་1ཚེས་14ཉིན། དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་གསར་པའི་ནང་གྲོང་མིས་ནང་མི་རྣམས་ལ་སྒྲ་སྙན་གཏོང་བཞིན་ལོ་གསར་ལ་རྟེན་འབྲེལ་ཞུ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396774531