བོད་ལྗོངས།
མཁའ་དབྱིངས་ནས་བོད་ཤར་གྱི་མུ་ཏིག་ཆབ་མདོར་ལྟ་བ།

    འདི་ནི་ཟླ་2ཚེས་17ཉིན་པར་ལེན་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རོ་ཁུལ་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཆབ་མདོ་ནི་བོད་ཀྱི་ཤར་རྒྱུད་དུ་གནས་པ་དང་། མཚོ་སྔོན་དང་སི་ཁྲོན། ཡུན་ནན་བཅས་ཀྱི་འབྲེལ་མཚམས་སུ་གནས་པ་མ་ཟད་འཕྲེད་རྒྱུག་རི་རྒྱུད་དང་གཙང་པོ་གསུམ(འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ)གྱི་འབབ་རྒྱུད་དུ་གནས་ཡོད་པས་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ལྡན་པའི་རྐྱེན་གྱིས“བོད་ཤར་གྱི་མུ་ཏིག”ཅེས་པའི་མཚན་སྙན་འབོད་སྲོལ་ཡོད།

    དེ་སྔོན་ཆབ་མདོའི་ཁང་པ་ཐོག་དཔངས་དམའ་ལ་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པ་དང་། འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་ལུས་ཡོད། ལོ་བཅུ་གྲངས་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། གྲོང་ཁུལ་དུ་ཐོག་བརྩེགས་ཁང་ཆེན་མང་བ་དང་ཁྲོམ་གཞུང་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། འགྲིམ་འགྲུལ་གྱི་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཆབ་མདོའི་རྣམ་པ་གསར་པ་ཞིག་ས་མཐོའི་གྲོག་རོང་ཁྲོད་འགྱིང་ངེར་གནས།

    འདི་ནི་ཟླ་2ཚེས་17ཉིན་པར་ལེན་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རོ་ཁུལ་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འདི་ནི་ཟླ་2ཚེས་17ཉིན་པར་ལེན་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རོ་ཁུལ་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འདི་ནི་ཟླ་2ཚེས་17ཉིན་པར་ལེན་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རོ་ཁུལ་ཡིན། (མི་མེད་གནམ་གྲུའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འདི་ནི་ཟླ་2ཚེས་17ཉིན་པར་ལེན་བྱས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཡིན། (མི་མེད་གནམ་གྲུའི་འདྲ་པར) རྗ་ཆུ་དང་ངོམ་ཆུ་གཉིས་ས་འདིར་ཟླ་འགྲིལ་གྱི་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397584071