བོད་ལྗོངས།
ས་མཐོའི་དཔྱིད་རྨོད་མཛད་སྒོ།

    ཟླ་3ཚེས་16ཉིན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གི་ཞིང་པས་འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་ལ་ཆང་འགྱོག་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དུ་གནས་པའི་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་སོགས་ཀྱི་གྲོང་གསེབ་ཁུལ་དུ་དཔྱིད་ཀྱི་རྨོད་གཉའ་གཅོག་འགོ་ཚུགས་ནས་དཔྱིད་ཀྱི་ས་བོན་ཐོག་མ་དེ་བཏབ་ཡོད། གྲོང་གསེབ་ཁག་ཏུ་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་གཟབ་མཆོར་ལེགས་པར་སྤྲས་ནས་མཆོད་ཆང་བཀྱགས་ཏེ་ཞིང་ཁའི་ནང་དུ་དཔྱིད་རྨོད་མཛད་སྒོ་གཉེར་ཡོད།

    2020ལོར། བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་103ཟིན་པ་དང་དེའི་ཁྲོད་ནས་ཀྱི་ཐོན་ཚད་ཁྲི་83ཟིན་ཡོད། འདི་ནི་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ལོ་6བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པ་དང་དེའི་ཁྲོད་བཟའ་འབྲུ་གཙོ་བོ་ནས་ཀྱི་མཁོ་སྤྲོད་རྩ་བའི་ཆ་ནས་རང་མཁོ་རང་འདང་ཐུབ་ཡོད།

    ཟླ་3ཚེས་16ཉིན། ལོ་གཉིས་ལ་སླེབས་པའི་བུ་མོ་ཆུང་ཆུང་བསྟན་འཛིན་གསལ་སྒྲོན་གྱིས་དཔྱིད་རྨོད་མཛད་སྒོ་ཐོག་ཕྱེ་མར་བཟའ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཟླ་3ཚེས་16ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་གྲོང་ཚོའི་བོད་ཀྱི་ཞིང་ཁ་ཐོག་མར་གྲགས་པའི་ས་ཞིང་ཐོག་ནས་སོན་གཏོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་3ཚེས་16ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གི་བུད་མེད་ཚོས་སོན་གཏོར་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཟླ་3ཚེས་16ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གི་འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་ཞིག་གིས་ཞིང་ཁ་རྨོ་བའི་གྲ་སྒྲིག་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398169081