བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།——སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཟླ་བ་ལགས།

    ཟླ་བ་ལགས(དཀྱིལ)དང་བུ་མོ། བུ་བཅས་རང་ཁྱིམ་གྱི་སྒོ་རའི་མདུན་དུ་འདྲ་པར་ལེན་པ། (ཟླ3ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོ་དགུང་ལོ་84ལ་ཕེབས་པའི་ཟླ་བ་ལགས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན། 1959ལོར་ཁེ་གསུམ་གྲོང་ཚོར་སྔོན་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་བཙུགས་པ་དང་བོད་ཀྱི་ཞིང་པའི་མཐུན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དང་པོ་དེ་བདམས་ཡོད། བོད་རྙིང་པའི་སྐབས་ཟླ་བ་ལགས་ནི་ཁེ་གསུམ་གཞིས་ཀའི་ཁྲལ་པ་ཞིག་ཡིན་པ་དང་། གྲོད་ཁོག་ཟས་ཀྱིས་མི་འགྲང་ཞིང་དབང་ཆ་གང་ཡང་མེད། ད་ཆ་རྒན་མོ་ཟླ་བ་ལགས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་སྒོ་རའི་ནང་ཐུགས་ཁྲལ་ཅི་ཡང་མེད་པར་འཚོ་བ་སྐྱེལ་བཞིན་ཡོད་པས་ཚེ་མཇུག་བདེ་ལ་རོལ་བཞིན་མཆིས། རྒན་མོ་ཁོང་གིས“ང་རང་མི་ཚེ་རིང་ཙམ་བསྡད་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་བོད་ལྗོངས་གསར་པར་ཡག་པོ་ལྟ་རྒྱུ་བྱུང་ན་ཁོ་རང་བསམ་གྱི་འདུག”ཅེས་གསུངས།

    འདི་ནི་ཟླ་3ཚེས་15ཉིན་པར་ལེན་བྱས་པའི་ཟླ་བ་ལགས་ཀྱི་འདྲ་པར་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཟླ་བ་ལགས་ཀྱིས་རང་ཁྱིམ་དུ་ཆུ་ཀ་ལ་ནས་འཐུང་ཆུ་ལེན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཟླ་བ་ལགས(གཡས)དང་ཁོང་གི་བུས་རང་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ། (ཟླ3ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    གཟབ་མཆོར་སྤྲས་པའི་ཟླ་བ་ལགས་ཀྱིས་གྲོང་ཚོའི་ནང་རྨོད་གཉའ་གཅོག་པའི་མཛད་སྒོར་ཞུགས་པ། (ཟླ3ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འདི་ནི་ཟླ་བ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ3ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398187281