བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།——སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་གྲུང་ཐོགས་ལགས།

    འདི་ནི་ཟླ་1ཚེས་15ཉིན་པར་ལེན་བྱས་པའི་གྲུང་ཐོགས(དཀྱིལ)ལགས་ཀྱི་ནང་མི་མཉམ་འཛོམས་ཀྱི་འདྲ་པར་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོ་དགུང་ལོ་90ལ་ཕེབས་པའི་གྲུང་ཐོགས་ལགས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཚོང་གཞུང་གྲོང་ཚོའི་གྲོང་མི་ཞིག་ཡིན། བོད་རྙིང་པའི་སྐབས་གྲུང་ཐོགས་ལགས་ནི་གཞིས་རྩེའི་དཔལ་ལྷུན་གཞིས་ཀའི་ཞིང་བྲན་ཡིན་པ་དང་རྒན་རྒོན་ཁོང་གི་ཡབ་མེས་ཀྱང་གཞིས་ཀའི་ཞིང་བྲན་རེད། ཁོང་ཚོའི་ཁྱིམ་ཚང་ཆང་བསྙལ་རྒྱུར་མཁས་པའི་རྐྱེན་གྱིས་གཞིས་ཀའི་བདག་པོས་བཙན་གྱིས་ཁོང་ཚོར་ནས་ཆང་སྙོལ་དུ་བཅུག་ནས་ཁོང་ཚོའི་ནས་ཆང་གི་ཁྲལ་འཇལ་དུ་བཅུག་གི་ཡོད། ནང་མི་ཡོངས་ཀྱིས་ལོ་ནས་ཟླ་བ་བྱས་ཏེ་བྲོ་ཞིམ་ནས་ཆང་བསྙལ་ཀྱང་རང་སོ་སོར་དྲི་མ་བསྣམ་རྒྱུ་ཙམ་ལས་མེད། ད་ཆ་གྲུང་ཐོགས་ལགས་གུ་ཡངས་བའི་བོད་བཟོའི་སྡོད་ཁང་ནང་འཚོ་སྡོད་གནང་ཞིང་ཁྱིམ་དུ་བུ་ཚ་བུ་རྒྱུད་ཀྱིས་ཁེངས་ཡོད། རྒན་རྒོན་ཁོང་གིས་ནས་ཆང་འཐུང་བཞིན་བུ་ཚ་བུ་རྒྱུད་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་ལྟ་རྒྱུ་བྱུང་བ་ནི་ངའི་སྤྲོ་སྣང་ཆེ་ཤོས་ཡིན་ཞེས་གསུངས།

    འདི་ནི་ཟླ་1ཚེས་15ཉིན་པར་ལེན་བྱས་པའི་གྲུང་ཐོགས་ལགས་ཀྱི་འདྲ་པར་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    གྲུང་ཐོགས(དཀྱིལ)ལགས་དང་ཁོང་གི་བུ་ཚ་བུ་རྒྱུད་ཚོ། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    གྲུང་ཐོགས་ལགས་ཀྱིས་རང་ཁྱིམ་དུ་མེ་ཏོག་ལ་ཆུ་གཏོར་གནང་བ། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    འདི་ནི་ཟླ་1ཚེས་15ཉིན་པར་ལེན་བྱས་པའི་གྲུང་ཐོགས་ལགས་ཀྱི་ཁྱིམ་ཚང་ནང་གི་ཟངས་ཆས་ཡིན། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འདི་ནི་ཟླ་1ཚེས་15ཉིན་པར་ལེན་བྱས་པའི་གྲུང་ཐོགས་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398213461