བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཉི་མ་ལགས།

    ཟླ་3ཚེས་19ཉིན། བགྲེས་སོང་ཉི་མ(དཀྱིལ)ལགས་དང་བུ་མོ། ཚ་བོ་བཅས་ཀྱིས་རང་ཁྱིམ་གྱི་མདུན་དུ་འདྲ་པར་བསྐྱོན་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (ཨ་ལུན་གྱིས་པར་བླངས)

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོ་དགུང་ལོ་76ལ་སླེབས་པའི་ཉི་མ་ལགས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོའི་གྲོང་མི་ཡིན་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུན་འཛིན་པ་ཞིག་ཀྱང་ཡིན།

    འཇུ་བྲོ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཞིག་ཡིན་པས་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཉི་མ་ལགས་ཀྱི་ནང་མི་ཚང་མ་གཟི་འོག་ཁྱིམ་རྒྱུད་ཀྱི་ཞིང་བྲན་ཡིན་པས་བགྲེས་སོང་ཉི་མ་ལགས་ཀྱིས་ཧ་གཉིད་གོ་བ་ནས་བཟུང་གཟི་འོག་ཁྱིམ་རྒྱུད་ལ་ནོར་ལུག་འཚོ་བ་དང་ས་ཞིང་འདེབས་དགོས་པ་མ་ཟད། ད་དུང་བྲོ་འཁྲབ་ནས་གཟི་འོག་ཁྱིམ་རྒྱུད་ཀྱི་ཚབ་ཏུ་རི་བོ་བདེ་ཆེན་དགོན་ལ་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད།

    བོད་རྙིང་པར་བྲོ་ཡིས་བགྲེས་སོང་ཁོང་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད། “སྐབས་དེ་དུས་བྲོ་སྦྱོང་བ་ནི་རི་བོ་བདེ་ཆེན་དགོན་ལ་ཁྲལ་འཇལ་ཆེད་ཡིན། འཁྲབ་སྟོན་གྱི་དགོས་མཁོའི་ཆེད་དུ་བྲོ་འཁྲབ་མཁན་ཚོ་སྐྲ་རིང་པོ་གསོག་དགོས། འོན་ཀྱང་གཞོན་ནུ་མང་པོ་ཞིག་སྡུག་པོ་དེ་འདྲ་མྱོང་མི་ཐུབ་པའི་རྐྱེན་གྱིས་ལྐོག་ཏུ་རང་ཉིད་ཀྱི་སྐྲ་བྲེགས་ཀྱི་ཡོད། བྲོའི་དགེ་རྒན་གྱིས་མཐོང་སྐབས་ང་ཚོར་ཉེས་རྡུང་ཚད་མེད་གཏོང་གི་རེད”ཅེས་བགྲེས་སོང་ཉི་མ་ལགས་ཀྱིས་དྲན་གསོ་གནང་བཞིན་གསུངས།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཉི་མ་ལགས་ཀྱིས་བྲོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། ཁོང་གིས་བྲོ་དཔོན་གནང་ནས་འཁྲབ་སྟོན་ཡོངས་ཀྱི་སྟངས་སྟབས་དང་འགྱུར་ཁུག་ལ་སྟངས་འཛིན་གནང་ཡོད། ད་ཆ་འཇུ་གྲོང་ཚོར་བགྲེས་སོང་ཉི་མ་ལགས་ཀྱིས་སྔ་རྗེས་སུ་སློབ་མ་80ལྷག་ཙམ་གསོ་སྐྱོང་གནང་ཡོད་པ་དང་འབྲེལ་བྲོའི་འཁྲབ་སྟོན་རུ་ཁག་ཅིག་བཙུགས་ནས་འཇུ་བྲོ་དེ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཧྲན་ཧྭ་བྱ་དགའི་གར་སྟེགས་ཐོག་སླེབས་པ་གནང་ཡོད། རུ་ཁག་གི་ན་གཞོན་རུ་མི་ཚོ་རྟག་ཏུ་ཕྱིར་འཁྲབ་སྟོན་བྱེད་པར་འགྲོ་དགོས་པས་བྲོའི་འཁྲབ་སྟོན་དེ་ཡང་འཇུ་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།

    ད་ཆ་བགྲེས་སོང་ཉི་མ་ལགས་དང་བུ་མོ། མག་པ། ཚ་བོ་གཉིས་བཅས་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་ནང་སྡོད་པ་དང་། ཁོམ་པ་བྱུང་དུས་བགྲེས་སོང་ཁོང་གིས་རང་གི་ཚ་བོ་ཚེ་རིང་དོན་གྲུབ་ལ་བྲོ་འཁྲབ་སྟངས་བསླབས་ནས་ཚ་བོས་བྲོ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་རེ་བ་བཅངས་གནང་གི་ཡོད།

    འདི་ནི་བགྲེས་སོང་ཉི་མ་ལགས་ཀྱི་འདྲ་པར་ཡིན། (2020ལོའི་ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ཉི་མ་ལགས་ཀྱིས་འཇུ་བྲོའི་འཁྲབ་ཆས་བསྣམས་ནས་འདྲ་པར་བསྐྱོན་པ། (2020ལོའི་ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    བགྲེས་སོང་ཉི་མ(དཀྱིལ)ལགས་དང་དགེ་ཕྲུག་ཚོས་འཇུ་བྲོ་འཁྲབ་པ། (2020ལོའི་ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འཇུ་བྲོའི་རྒྱུན་འཛིན་པ་བགྲེས་སོང་ཉི་མ(དཀྱིལ)ལགས་ཀྱིས་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་སློབ་ཆུང་དུ་འཁྲབ་སྟོན་མ་བྱས་གོང་གི་གྲ་སྒྲིག་གནང་བ། (2020ལོའི་ཟླ་7ཚེས་2ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ཉི་མ་ལགས་ཀྱིས་རང་ཁྱིམ་གྱི་སྒོ་ཕྱུགས་ལ་ལྟ་རྟོག་གནང་བ། (2020ལོའི་ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འདི་ནི་ཟླ་3ཚེས་19ཉིན་པར་ལེན་བྱས་པའི་བགྲེས་སོང་ཉི་མ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (ཨ་ལུན་གྱིས་པར་བླངས)

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398267081