བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།——སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བསྟན་འཛིན་མཚོ་མོ་ལགས།

    དགུང་ལོ་79ལ་ཕེབས་པའི་བགྲེས་སོང་བསྟན་འཛིན་མཚོ་མོ་ལགས། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བསྟན་འཛིན་མཚོ་མོ་ལགས་ནི་1942ལོར་འཁྲུངས་པ་དང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གཞུང་རུ་ཤང་གྲོད་པ་སྦུག་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཆུང་བྱིས་པའི་དུས་ཁོང་གི་ནང་མི་ཚོས་ཞིང་བྲན་བདག་པོའི་ལུག་འཚོ་ཞོར་དུ་སློང་མོ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱས་ཡོད། འཚོ་བ་འཁྱོལ་ཐབས་བྲལ་བའི་བསྟན་འཛིན་མཚོ་མོ་ལགས་ཀྱི་ནང་མི་ཚོས་ཞིང་བྲན་བདག་པོའི་ལུག་བརྐུས་ནས་ལ་ཀླུང་བརྒལ་ཏེ་བྲོས་བྱོལ་དུ་སོང་རུང་ཡུན་རིང་མི་འགོར་བར་ཞིང་བྲན་བདག་པོས་ཁོང་ཚོ་བཟུང་བ་དང་བསྟན་འཛིན་མཚོ་མོ་ལགས་ཀྱི་ཕ་ལ་ཉེས་རྡུང་བཏང་ནས་དབང་པོ་སྐྱོན་ཅན་དུ་བཟོས་པ་མ་ཟད་ཆར་གཡོལ་རླུང་གཡོལ་བྱེད་སའི་གུར་ཡང་འཕྲོག་པས་ནང་མི་ཚོ་རི་ཁུག་ཅིག་ཏུ་མི་སྡོད་ཀ་མེད་དུ་བྱུང་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་གཏོང་འགོ་ཚུགས་པས་བསྟན་འཛིན་མཚོ་མོ་ལགས་ཀྱི་དཀའ་ཚེགས་ཆེ་བའི་འཚོ་བའང་མཇུག་འགྲིལ་བ་དང་། ས་ཆ་དེར་དམངས་གཙོའི་བཅོས་སྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་ལ་མངགས་པའི་བོད་རིགས་ལས་བྱེད་པ་ཞིག་ཁོང་གི་བཟའ་ཟླར་གྱུར། བཟའ་ཟླའི་ཤུགས་རྐྱེན་འོག་བསྟན་འཛིན་མཚོ་མོ་ལགས་ཀྱིས་དང་བླངས་པར་ཞུགས་རྒྱུའི་རེ་ཞུ་ཕུལ་ནས་དམངས་གཙོའི་བཅོས་སྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ལས་དོན་ནང་ཞུགས་པ་དང་1962ལོར་ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    ད་ཆ་བསྟན་འཛིན་མཚོ་མོ་ལགས་ཀྱི་ཁྱིམ་དུ་ཕྱུགས་རིགས་བརྒྱ་ལྷག་ཙམ་ཡོད་པ་དང་2020ལོར་ནང་མི་ཚོ་སྲིད་གཞུང་གིས་མ་དངུལ་བཏོན་ནས་བསྐྲུན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཁང་པ་གསར་པའི་ནང་སྤོས་ཡོད།

    བསྟན་འཛིན་མཚོ་མོ་ལགས་ཀྱི་ཐོབ་ཐང་ལག་འཁྱེར། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    བསྟན་འཛིན་མཚོ་མོ་ལགས་དང་ནང་མི་ཚོས་ཁང་པ་གསར་པའི་མདུན་དུ་འདྲ་པར་ལེན་པ། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ནང་མིས་བསྟན་འཛིན་མཚོ་མོ་ལགས་ཀྱི་དབུ་སྐྲ་བཟོ་རོགས་བྱེད་པ། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    བསྟན་འཛིན་མཚོ་མོ་ལགས་ཀྱི་ཚ་མོས་རྨོ་བོ་ལགས་དང་རྩེད་མོ་རྩེ་བ། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    བསྟན་འཛིན་མཚོ་མོ་ལགས་དང་ཚ་མོ་ཉི་མ་ལྡེ་བ། (ཟླ་2ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398267631