བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཕན་ཐོགས་ལགས།

    འདི་ནི་ཕན་ཐོགས་ལགས་ཀྱི་འདྲ་པར་ཡིན། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཕན་ཐོགས་ལགས་ནི་1941ལོར་འཁྲུངས་པ་དང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཐར་པ་གྲོང་ཚོའི་གྲོང་མི་ཞིག་ཡིན། བོད་རྙིང་པའི་སྐབས་ཕན་ཐོགས་ལགས་ནི་ཡུལ་དེ་གའི་གཞིས་ཀའི་ཞིང་བྲན་ཡིན། ཁོང་གིས་སྐབས་དེ་དུས་ཀྱི་འཚོ་བ་དཀའ་ཚེགས་ཧ་ཅང་ཆེ་བ་དང་། ཞིང་བྲན་གྱི་གྱོན་ཆས་གོག་ཧྲུལ་ཡིན་ཞིང་ལྷན་པས་ཁེངས་ཡོད། སྐབས་རེ་ལྷན་པ་རྒྱག་པའི་རས་ཀྱང་མེད། དགུན་ཁ་ཟིན་སྐབས་ཉལ་ཆས་མེད་པས་མེ་ཁ་ཁོ་ནར་བརྟེན་ནས་གྲང་ཟུག་འགོག་པ་དང་། ཉི་མ་ཤར་རྗེས་ད་གཟོད་ལུས་ལ་དྲོད་ཅུང་ཙམ་སླེབས་ཀྱི་རེད་ཅེས་ཕྱིར་དྲན་གནང་།

    1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་པ་དང་ཕན་ཐོགས་ལགས་ལ་ས་ཞིང་དང་ཕྱུགས་ཟོག་རག་པ་དང་། རང་ཉིད་ཀྱི་འབད་བརྩོན་འོག་དྲོ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད།

    འདི་ཕན་ཐོགས(དཀྱིལ)ལགས་ཀྱི་ནང་མི་ལྷན་འཛོམས་ཀྱི་འདྲ་པར་ཡིན། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    འདི་ནི་ཕན་ཐོགས་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འདི་ནི་ཕན་ཐོགས་ལགས་དང་ཁོང་གི་བུ་མོ་ཡིན། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    ཕན་ཐོགས་ལགས་ཀྱིས་རང་ཁྱིམ་གྱི་ནོར་ལ་གཟན་རྩྭ་བསྟེར་གནང་བ། (ཟླ་1ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398325821