བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཚེ་རིང་ལྷ་མོ་ལགས།

    འདི་ནི་ཚེ་རིང་ལྷ་མོ་ལགས་ཀྱི་འདྲ་པར་ཡིན། (2021ལོའི་ཟླ་2ཚེས་10ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ད་ལོ་དགུང་ལོ་95ལ་ཕེབས་པའི་ཚེ་རིང་ལྷ་མོ་ལགས་ནི་ལྷུན་རྩེ་རྫོང་གསང་སྔགས་ཆུས་ཀྱི་བ་ཚང་གོག་ཧྲུལ་ཞིག་ཏུ་འཁྲུངས་པ་དང་། ལོ་6ནས་བཟུང་ཁོང་གིས་མངའ་བདག་གི་ནང་བཟན་བྱས་ཏེ་འཚོ་བའི་དཀའ་སྡུག་ཚང་མ་མྱངས་ཡོད།

    ཚེ་རིང་ལྷ་མོ་ལགས་ཀྱིས“ང་རང་ལོ་6ལ་སླེབས་དུས་མངའ་བདག་གཞན་ཞིག་ལ་བཙོངས་པ་དང་། དེ་དུས་གཉེར་པའི་ཕྲུ་གུར་ལྟ་སྐྱོང་བྱེད་དགོས། སྐབས་དེ་དུས་རང་ཉིད་གཟུགས་སྟོབས་ཆུང་ལ་ཤ་རིད་པ་ཞིག་ཡོད་པས་ལྟ་སྐྱོང་བྱེད་དགོས་པའི་ཕྲུ་གུ་རྒྱགས་པ་དེ་རྒྱབ་ཏུ་འཁུར་རིམ་བཞིན་རང་ཉིད་ས་ལ་འགྱེལ་འགྲོ་ཡི་ཡོད། ཕྲུ་གུ་ངུས་ཚེ་རང་ཉིད་ལ་ཉེས་རྡུང་ཕོག་གི་རེད”ཅེས་ཕྱིར་དྲན་བྱེད་བཞིན་དུ་གསུངས།

    ནང་བཟན་ནི་ཞིང་བྲན་བདག་པོས་གང་བྱུང་དུ་ཉོ་ཚོང་བྱེད་པའམ་སྤྲོད་ཀྱི་ཡོད། ལོ་12ལ་སླེབས་སྐབས་ཚེ་རིང་ལྷ་མོ་ལགས་རང་དབང་མེད་པར་ཨ་མ་དང་ཁ་བྲལ་ནས་ཆ་རྒྱུས་གང་ཡང་མེད་པའི་བསམ་མཁར་གཞིས་ཀར་སླེབས།

    1959ལོར། ཚེ་རིང་ལྷ་མོ་ལགས་ཡོད་སའི་བསམ་མཁར་གྲོང་ཚོར་དམངས་གཙོའི་བཅོས་སྒྱུར་བྱས་ཤིང་། ལོ་དེར་ཚེ་རིང་ལྷ་མོ་ལགས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་མཉམ་དུ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་སྲིད་གཞུང་གིས་ཁོང་ཁྱིམ་མི་3ལ་ཁང་པ་དང་ས་ཞིང་། ལུག་བཅས་བགོས་ཡོད།

    ཚེ་རིང་ལྷ་མོ་ལགས་ཀྱི་ལྕག་སྐུལ་དང་སྣེ་ཁྲིད་འོག་1961ལོའི་ཟླ་3པར་དེ་སྔ་ནང་བཟན་ལས་གྲུབ་པའི་བོད་ཀྱི“དབུལ་པོའི་རོགས་རེས་ཚོགས་ཆུང”དང་པོ་དེ་སྣེ་གདོང་རྫོང(དེང་གི་སྣེ་གདོང་ཆུས)བསམ་མཁར་གྲོང་ཚོར་བཙུགས། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་ནང་ཚེ་རིང་ལྷ་མོ་ལགས་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། སྐབས་གཉིས་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལའང་བདམས་ཡོད།

    ད་ཆ་ཚེ་རིང་ལྷ་མོ་ལགས་རང་ཉིད་ཀྱི་བུ་མོ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ་འཚོ་བ་བསྐྱལ་གནང་ནས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་བཞིན་ཡོད།

    ཚེ་རིང་ལྷ་མོ་ལགས་ཀྱིས་བོད་རྙིང་པའི་དུས་སྐབས་ཀྱི་སྡུག་བསྔལ་གསུང་བཞིན་པ། (2021ལོའི་ཟླ་2ཚེས་10ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    མཐུད་པར། པར་གཡོན་ནི་1965ལོའི་ཟླ་9ཚེས་8ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བདམས་ཡོད། འཐུས་མི་ཡིན་པའི་ཚེ་རིང་ལྷ་མོ་ལགས་ཀྱིས(གཡས་ཀྱི་དང་པོ)འདེམས་ཤོག་འཕེན་གནང་བ། (ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཞིའི་འདྲ་པར) པར་གཡས་ནི་1979ལོར་ཚེ་རིང་ལྷ་མོ་ལགས(མདུན)ཀྱིས་ཀུང་ཧྲེའི་ཧྲེ་ཡོན་གྱི་སྣེ་འཁྲིད་དེ་ཚན་རིག་དང་མཐུན་པའི་ཞིང་ཁ་འདེབས་པའི་ལས་དོན་སྤེལ་ཏེ་ཞིང་ནང་དུ་དགུན་གྲོ་དང་རྒྱ་སྲན་སྣོལ་འདེབས་བྱེད་ཚུལ་ལ་གཟིགས་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    མཐུད་པར། པར་གོང་མ་ནི་1978ལོར་ཚེ་རིང་ལྷ་མོ་ལགས(མདུན)ཀྱིས་ངལ་རྩོལ་ཀྱི་ངལ་གསོའི་སྐབས་ཀུང་ཧྲེའི་ཁུངས་མི་རྣམས་དང་གླེང་མོལ་གནང་བ། (ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཞིའི་པར) པར་འོག་མ་ནི་1979ལོར་ཚེ་རིང་ལྷ་མོ་ལགས(གཡས)རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བྱ་དགའ་སྤྲོད་པའི་ཚོགས་འདུར་ཞུགས་པ། (ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཞིའི་འདྲ་པར)

    མཐུད་པར། པར་གོང་མ་ནི་ཚེ་རིང་ལྷ་མོ་ལགས(གཡོན་གྱི་དང་པོ)དང་རོགས་རེས་ཚོགས་ཆུང་གི་ཁུངས་མིས་ཞིང་ཁའི་ནང་ངལ་རྩོལ་གནང་བ། (དཔྱད་གཞིའི་པར) པར་འོག་མ་ནི་ཚེ་རིང་ལྷ་མོ་ལགས་ཀྱིས(གཡོན་གྱི་མདུན)སྡེ་ཁུལ་གྱི་གྲོང་ལྷན་དུ་ཐའེ་ཅི་དྲག་རྩལ་སྦྱོང་བ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    འདི་ནི་ཚེ་རིང་ལྷ་མོ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (2021ལོའི་ཟླ་3ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    འདི་ནི་ཚེ་རིང་ལྷ་མོ་ལགས(དཀྱིལ)དང་རོགས་རེས་ཚོགས་ཆུང་གི་ཁོངས་མིའི་མི་རབས་རྗེས་མའི་མཉམ་པར་ཡིན། (2017ལོའི་ཟླ་2ཚེས་28ཉིན་པར་བླངས) (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398519061