བོད་ལྗོངས།
“U+སློབ་གྲྭའི་ཟ་མའི་འཆར་གཞི”ཞེས་པའི་སྤྱི་ཕན་བྱེད་སྒོ་བོད་ལྗོངས་སྨན་གླིང་དུ་སྤེལ་བ།

    ཟླ་3ཚེས་30ཉིན། སྨན་གླིང་རྫོང་སློབ་འབྲིང་གི་དགེ་སློབ་ཀྱི་འཐུས་མིས“U+སློབ་གྲྭའི་ཟ་མའི་འཆར་གཞི”ཞེས་པས་ཕྲུ་གུ་ཚོར་སྤྲད་པའི་འཁྱེར་བདེའི་ཟ་ཆས་སྟོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན“U+སློབ་གྲྭའི་ཟ་མའི་འཆར་གཞི”ཞེས་པའི་ཞལ་འདེབས་རྒྱག་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སློབ་འབྲིང་དུ་འཚོགས་ཡོད། “U+སློབ་གྲྭའི་ཟ་མའི་འཆར་གཞི”ནི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་ལི་ཧྭ་བཟའ་བཏུང་ཇུས་འགོད་ཚོགས་པ་དང་མཉམ་དུ་སྤེལ་བའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན། བྱེད་སྒོའི་གཞ་འདེབས་དེ་ཉིད་གྲོང་གསེབ་ཏུ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་རོགས་རམ་བྱས་ནས་སློབ་གྲྭའི་བཟའ་བཏུང་གི་འཚོ་བཅུད་བདེ་ཐང་དང་བཟའ་བཅའི་བདེ་འཇགས། གྲོན་ཆུང་བསྲི་ཚགས་བཅས་ཡོང་བར་ཤུགས་སྣོན་བརྒྱབ་རྒྱུ་དང་། ཆབས་ཅིག་སློབ་མ་ཚོར་བཟའ་བཏུང་དོ་སྙོམས་དང་ཧུར་བསྲི་གྲོན་ཆུང་། འབྲུ་རིགས་ལ་གཅེས་སྤྲས་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་ནས་གྲོན་ཆུང་རྣམ་པའི་སློབ་གྲྭ་འཛུགས་རྒྱུའི་ཐད་སྤྱོད་རྒྱུ་རེད།

    ཟླ་3ཚེས་30ཉིན། སྨན་གླིང་རྫོང་སློབ་འབྲིང་གི་སློབ་མས“U+སློབ་གྲྭའི་ཟ་མའི་འཆར་གཞི”ཞེས་པའི་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

    འདི་ནི་ཟླ་3ཚེས་30ཉིན་སྨན་གླིང་རྫོང་སློབ་འབྲིང་དུ་པར་ལེན་བྱས་པའི“U+སློབ་གྲྭའི་ཟ་མའི་འཆར་གཞི”ཞེས་པས་ཞལ་འདེབས་བརྒྱབ་པའི་འཁྱེར་བདེའི་ཟ་ཆས་ཡིན། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398548031