བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ལྷ་བུ་ལགས།

    འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གླིང་ལྔ་གྲོང་ཚོར་པར་ལེན་བྱས་པའི་བགྲེས་སོང་ལྷ་བུ་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 1938ལོར་འཁྲུངས་པའི་ལྷ་བུ་ལགས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གླིང་ལྔ་གྲོང་ཚོའི་གྲོང་མི་ཞིག་ཡིན།

    བོད་རྙིང་པར་ལྷ་བུ་ལགས་ཀྱི་ཁྱིམ་ནི་ཕ་ལྷ་གཞིས་ཀའི་ཞིང་བྲན་ཡིན་པ་དང་། མི་ལུས་རང་དབང་མེད་པའི་འཚོ་བ་སྐྱེལ་བ་དང་ཕ་ཚ་བུ་རྒྱུད་ཚང་མས་མངའ་བདག་ལ་གཡོག་རྒྱུགས་ནས་སྡོད་ཀྱི་ཡོད། ལྷ་བུ་ལགས་ཀྱིས“ང་ཚོ་ནི་མངའ་བདག་ཁྱིམ་གྱི་ཐོན་སྐྱེད་ལག་ཆ་ལྟ་བུ་རེད། མངའ་བདག་གིས་ལས་ཀ་ཅི་ཞིག་བྱེད་དུ་བཅུག་ན་དེ་རང་བྱེད་དགོས། དང་ལེན་མ་ཞུ་ཐབས་མེད་རེད། སྐད་ཆ་ཤུགས་ཆེན་པོ་ཤོད་པའི་དབང་ཆ་ཡང་མེད། མངའ་བདག་གིས་ལྟོ་དུས་རེར་རྩམ་པ་ཁྱེམ་བུ་གང་ལས་སྟེར་གྱི་མེད་པས་རྟག་ཏུ་གྲོད་པ་རྒྱག་གི་མེད། གྲོང་ཚོའི་ནང་གི་ཕྲུ་གུ་མང་པོར་གྱོན་གོས་གོན་རྒྱུ་མེད་པས་ཧ་ཅང་ཡ་ང་བ་ཞིག་ཡོད”ཅེས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་བཞིན་གསུངས།

    1959ལོར་ལྷ་བུ་ལགས་ལ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་འདྲ་བར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ཁོང་གི་ཁྱིམ་ལ་ས་ཞིང་རག་པ་དང་ཁང་པ་གསར་པ་བརྒྱབ་སྟེ་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    ད་ཆ་བགྲེས་སོང་ལྷ་བུ་ལགས་ཡངས་ཤིང་རྒྱ་ཆེ་བའི་བོད་ཁྱིམ་དུ་བུ་ཚ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གནང་བཞིན་ཡོད།

    བགྲེས་སོང་ལྷ་བུ་ལགས་ཀྱི་ནང་མིས་ཁོང་ལ་བོད་ཆས་གཡོག་རོགས་བྱེད་པ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ལྷ་བུ་ལགས་ཀྱི་ཐོབ་ཐང་ལག་འཁྱེར། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ལྷ་བུ་ལགས་ཀྱིས་ཁྱིམ་དུ་གསར་འགྱུར་གསན་བཞིན་པ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ལྷ་བུ་ལགས་ཀྱི་བུས(གཡོན)བགྲེས་སོང་ཁོང་ལ་སྨན་བཅོས་འགན་བཅོལ་གཱའི་སྐོར་འགྲེལ་བཤད་རྒྱག་པ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ལྷ་བུ(དཀྱིལ)ལགས་ཀྱིས་རང་ཁྱིམ་དུ་ནང་མི་དང་མཉམ་པར་སྐྱོན་པ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399143011