བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ཚེ་རིང་ལགས།

    འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་པར་ལེན་བྱས་པའི་བགྲེས་སོང་ཚེ་རིང་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 1944ལོར་སྐྱེས་པའི་ཚེ་རིང་ལགས་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་གི་འབྲོག་པ་ཞིག་ཡིན། བོད་རྙིང་པར་འབྲོག་ཁུལ་གྱི་ཁྲལ་རིགས་ནང་ཤ་ཁྲལ་དང་མར་ཁྲལ། ཕྱུ་རའི་ཁྲལ། ལྕི་བའི་ཁྲལ། ཚྭ་ཁྲལ་ལ་སོགས་ཡོད། ཁྲལ་ལྕི་པོ་འཇལ་དགོས་པས་དབུལ་པོ་ཚོ་དུས་ནམ་ཡང་ཕྱུག་པོ་ཆགས་ཐབས་བྲལ། ཚེ་རིང་ལགས་ཀྱིས“གལ་སྲིད་ད་ལོ་ངས་མར་རྒྱ་མ་གང་གཡར་ན་སང་ལོར་མར་རྒྱ་མ་གཉིས་འཇལ་དགོས། དེ་ལྟར་ང་ཚོ་མི་རབས་ནས་མི་རབས་བར་ཁྲལ་ཐོག་ཁྲལ་བསྣན་ནས་ལངས་ཐབས་བྲལ། ཁྲལ་འདི་རིགས་རིམ་བཞིན་མངའ་བདག་ལ་འཇལ་དགོས་པའི་བུ་ལོན་དུ་གྱུར་གྱི་ཡོད”ཅེས་གསུངས། ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་སྐབས་ཨ་མས་བུ་ལོན་འདེད་མཁན་ལ་པུས་མོ་བཙུགས་ནས་ཞུ་བ་རྒྱག་པ་ཚེ་རིང་ལགས་ཀྱིས་ད་ལྟའང་རབ་རིབ་ཅིག་ཐུགས་ལ་ངེས་ཀྱི་ཡོད། ཁོང་གིས་བུ་ལོན་དེ་དག་ནི་ཕ་མེས་ཡང་མེས་ནས་བཞག་པ་ཞིག་རེད་ཅེས་གསུངས།

    1959ལོར་ཚེ་རིང་ལགས་དང་འདྲ་བའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། ཁོང་གི་ཁྱིམ་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་རག་པ་དང་ཁང་པ་གསར་པ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་ཚེ་རིང་ལགས་ཀྱི་ཁྱིམ་ནས་འབྲོག་ལས་དང་སྐྱེལ་འདྲེན་ལས་རིགས་ལ་བརྟེན་ནས་ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བསགས་ཐུབ་པ་དང་ཁོང་གི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་ནི་གྲོང་ཚོའི་ནང་གི་སྡོད་ཁང་ཡག་ཤོས་གྲས་ཤིག་རེད།

    བགྲེས་སོང་ཚེ་རིང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་གནས་པའི་རང་ཁྱིམ་དུ་ཤ་སྐམ་པོ་མཆོད་གནང་བ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་བགྲེས་སོང་ཚེ་རིང་ལགས་ཀྱིས་རྒྱབ་ཏུ་སླེལ་པོ་འཁྱེར་ནས་ལྕི་བ་ལེན་པ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    བགྲེས་སོང་ཚེ་རིང་ལགས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་པང་དུ་ཞི་མི་ལེན་པ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    བགྲེས་སོང་ཚེ་རིང་ལགས(གཡོན་གྱི་དང་པོ)ཀྱིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྨད་གླིང་གྲོང་ཚོར་ནང་མི་དང་མཉམ་པར་སྐྱོན་པ། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    འདི་ནི་བགྲེས་སོང་ཚེ་རིང་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་16ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399382631