བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་དོན་གྲུབ་དབང་རྒྱལ་ལགས།

    འདི་ནི་དོན་གྲུབ་དབང་རྒྱལ་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཡང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོ་དགུང་ལོ་79ལ་ཕེབས་པའི་དོན་གྲུབ་དབང་རྒྱལ་ལགས་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གྱི་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ཆུང་བྱིས་པའི་དུས་ནས་མུན་ནག་གི་སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་། འོན་ཀྱང་ཁོང་གི་བུ་ཚ་ཚང་མ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད། དོན་གྲུབ་དབང་རྒྱལ་ལགས་ཀྱིས་སྤྱི་ཚོགས་རྙིང་པ་དང་ད་ལྟ་ནི“དམྱལ་བ་དང་ལྷ་ཡུལ”ལྟ་བུའི་གནམ་ས་འཛོལ་ཡོད། ཕྲུ་གུ་ཚོས་ངེས་པར་དུ་ལམ་བུ་དེ་ཇི་ལྟར་འགྲིམ་མིན་ཤེས་སུ་འཇུག་དགོས་ཞེས་རྟག་ཏུ་གསུངས་ཀྱི་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དོན་གྲུབ་དབང་རྒྱལ་ལགས་ཀྱི་ཕ་ཚ་བུ་རྒྱུད་ཚང་མ་ས་གནས་དེ་གའི་མངའ་བདག་ཚེ་བརྟན་དབང་ཕྱུག་ཁྱིམ་རྒྱུད་ཀྱི་ཞིང་བྲན་ཡིན། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དོན་གྲུབ་དབང་རྒྱལ་ལགས་ལ་ད་གཟོད་བཅིངས་འགྲོལ་ངོ་མ་ཐོབ་སྟེ་ས་ཞིང་བགོ་བཤའ་རག་ཡོད།

    “སྐབས་དེ་དུས་ང་ལོ་17ལ་སླེབས་ཤིང་། གུང་ཁྲན་ཏང་གིས་ང་ཚོ་བསྐྱབས་གནང་བྱུང་། བཀའ་དྲིན་དེ་ངས་ཚེ་གང་བརྗེད་མི་སྲིད། སྐབས་དེ་དུས་ནས་ངས་གུང་ཁྲན་ཏང་ཡོན་ཞིག་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། སྐབས་དེར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཡུན་རིང་མ་སོང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་མ་ཐག་ཡིན་པས་ཁྱིམ་སྲུང་རྒྱལ་སྐྱོབ་ནི་འགན་འཁྲི་ཆེ་ཤོས་ཡིན”ཞེས་དོན་གྲུབ་དབང་རྒྱལ་ལགས་ཀྱིས་སེམས་འགུལ་ཆེན་པོས་གསུངས།

    1962ལོར་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་རང་སྲུང་རྒོལ་ལན་དམག་འཐབ་རྒྱག་འགོ་ཚུགས་ཤིང་། སྐབས་དེར་དོན་གྲུབ་དབང་རྒྱལ་ལགས་ཀྱིས་འཐབ་ས་མདུན་མར་འཐབ་འཛིང་པར་རྫས་མདེལ་སྐྱེལ་བར་རང་མོས་ངང་བསྐྱོད་གནང་ཡོད།

    གུང་ཁྲན་ཏང་ཡོན་གྱིས་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་སྔོན་འགྱེལ་རྗེས་མཐུད་བྱེད་པ་མཐོང་སྐབས་དོན་གྲུབ་དབང་རྒྱལ་ལགས་ཀྱི་ཏང་ཡོན་བྱ་རྒྱུའི་འདུན་པ་ཇེ་ཆེར་སོང་། 1987ལོར་མཐའ་མཚམས་སུ་སླར་ཡང་དོན་རྐྱེན་ལངས་ཤིང་། དོན་གྲུབ་དབང་རྒྱལ་ལགས་ཀྱིས་འཐབ་ས་མདུན་མར་དངོས་ཟོག་དབོར་འདྲེན་བྱེད་པར་བསྐྱོད་རྒྱུར་རང་མོས་ངང་མིང་ཐོ་ཐེངས་གཉིས་པ་བཀོད་གནང་བ་དང་། ཁོང་གིས་གཡུལ་སར་ཏང་ནང་ཞུགས་ཏེ་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་ཐོག་ནས་གཡུལ་སར་རྒྱབ་སྐྱོར་བྱེད་པར་བསྐྱོད་གནང་ཡོད།

    དོན་གྲུབ་དབང་རྒྱལ་ལགས་ནི་དེ་སྔོན་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་མདོ་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། གྲོང་མིའི་བརྩི་བཀུར་འོག་བུ་ཕུར་བུ་སྐབས་གསར་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཡོད། ཚ་བོ་ཟླ་བ་བཟང་པོ་ནི་དགོན་སྟོད་གྲོང་རྡལ་སློབ་ཆུང་གི་སློབ་ཞུགས་གོང་གི་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་རེད། ཁྱིམ་དུ་ཏང་ཡོན་མི་རབས་གསུམ་ཡོད་པ་དེ་ནི་ས་གནས་དེ་གའི་གླེང་འདོད་པའི་གཏམ་བཟང་དུ་གྲགས།

    དོན་གྲུབ་དབང་རྒྱལ་ལགས་ཀྱིས་རང་ཁྱིམ་གྱི་ཁམ་བུའི་སྡོང་པོའི་ཡལ་ག་སྐམ་པོ་གཅོད་པ། (ཟླ་4ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཡང་གིས་པར་བླངས།

    དོན་གྲུབ་དབང་རྒྱལ(གཡོན)ལགས་ཀྱིས་རང་གི་ཚ་བོ་དང་རྩེད་མོ་རྩེ་བ། (ཟླ་4ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཡང་གིས་པར་བླངས།

    དོན་གྲུབ་དབང་རྒྱལ(མདུན་གྱི་དཀྱིལ)ལགས་དང་ནང་མིའི་མཉམ་པར། (ཟླ་4ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཡང་གིས་པར་བླངས།

    འདི་ནི་དོན་གྲུབ་དབང་རྒྱལ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་5ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཡང་གིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399383231