བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་གཡང་རྡོར་ལགས།

    འདི་ནི་བགྲེས་སོང་གཡང་རྡོར་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བགྲེས་སོང་གཡང་རྡོར་ལགས་ནི་1930ལོར་འཁྲུངས་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོར་འཚོ་སྡོད་གནང་གི་ཡོད།

    བགྲེས་སོང་གཡང་རྡོར་ལགས་ཆུང་བྱིས་པའི་དུས་ནས་ཕ་གྲོངས་ཏེ་རྨོ་བོ་ལགས་ཀྱིས་ལྟ་རྟོག་གནང་ཡོད། ཁྲལ་པ་ཡིན་པའི་ཁོང་གིས་ཉིན་ལྟར་ཞིང་བྲན་བདག་པོར་ཕྱུགས་འཚོ་བ་དང་ཀོ་བ་མཉེད་པ། རྩིད་པ་འཐག་པ་སོགས་ཀྱི་ལས་གནང་དགོས་ཀྱི་ཡོད།

    བགྲེས་སོང་གཡང་རྡོར་ལགས་ཀྱིས“བོད་རྙིང་པར་མིར་ལས་དག་པ་དང་མི་དག་པ་གཉིས་སུ་དབྱེ་བ་དང་། མི་སེར་ཁྲལ་པ་ནི་ལས་མ་དག་པའི་མིར་བརྩི་ཡི་ཡོད། གང་ཡིན་ཟེར་ན། བོད་རྙིང་པར་ཁོང་ཚོ་སྐྱེས་དུས་ནས་འདྲ་མཉམ་མིན་པས་ཡིན”ཞེས་གསུངས།

    བགྲེས་སོང་ཁོང་གིས“ཞོགས་པ་ཕྱུགས་འཚོ་བར་འགྲོ་སྐབས་ཕྱུགས་ཀྱིས་རྩྭ་རང་འདོད་ངང་བཟའ་ཆོག་ཀྱང་ང་ཚོ་ནི་སྦྱིན་བདག་གིས་ལྟོ་སྟེར་རྒྱུ་བསྒུགས་ནས་སྡོད་རྒྱུ་ལས་མ་འདས”ཞེས་གསོན་ཉམས་ལྡན་པའི་ངང་གསུངས།

    ད་ཆ་བགྲེས་སོང་གཡང་རྡོར་ལགས་ལ་ཕྲུ་གུ་དང་ཚ་བོ་མང་པོ་ཡོད་ལ། བོད་བྱང་ཐང་དུ་དགུན་དྲོ་ཞིང་དབྱར་བསིལ་བའི་བོད་བཟོའི་ཐོག་བརྩེགས་ཁང་པ་ཞིག་བརྒྱབ་ནས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་གནང་བཞིན་ཡོད།

    འདི་ནི་བགྲེས་སོང་གཡང་རྡོར་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    བགྲེས་སོང་གཡང་རྡོར (གཡོན) ལགས་དང་ནང་མིས་རང་ཁྱིམ་དུ་མཉམ་པར་ལེན་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོའོ་ཡིས་པར་བླངས།

    སྤུན་མཆེད་ཀྱིས་བགྲེས་སོང་གཡང་རྡོར (གཡོན) ལགས་ལ་ཇ་སྒྲོན་པ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    བགྲེས་སོང་གཡང་རྡོར (གཡས) ལགས་དང་ཁོང་ལ་གཟིགས་པར་ཡོང་བའི་གྲོང་ཚོའི་ལས་བྱེད་པས་དབུ་ཐུག་རེས་གནང་བ། (ཟླ་4ཚེས་15ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399404451