བོད་ལྗོངས།
བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས། —— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་ནོར་བུ་ལགས།

    འདི་ནི་བགྲེས་སོང་ནོར་བུ་ལགས་ཀྱི་འདྲ་པར་ཡིན། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། 1934ལོར་འཁྲུངས་པའི་ནོར་བུ་ལགས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་སྟོད་ཤང་འབྲོམ་སྟོད་གྲོང་ཚོའི་གྲོང་མི་ཡིན་པ་དང་། བོད་རྙིང་པའི་སྐབས་ས་ཆ་དེ་གའི་གཞིས་ཀའི་ཞིང་བྲན་ཞིག་ཡིན།

    བོད་ཀྱི་སོ་ནམ་པའི་ཁྲོད“ཁྲལ་འཇལ་རྒྱུ་ནོར་གྱི་སྤུ་ལྟར་མང་། འཆི་གསོན་བར་དུ་འཇལ་མེད་ཚར”ཞེས་པའི་གཏམ་དཔེ་ཞིག་ཡོད། བོད་རྙིང་པའི་ཞིང་བྲན་ལམ་ལུགས་ཀྱི་ལྗིད་ལ་གདུག་རྩུབ་ཆེ་བའི་ཁྲལ་རིགས་ཀྱིས་མི་མང་པོ་བཙན་ཤེད་ཀྱིས་མི་ཤི་ཁྱིམ་སྟོངས་དང་འགྲོ་ལམ་མེད་པའི་གནས་སུ་གྱར་དུ་བཅུག་ཡོད། བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་འཁོན་འཛིན་ཆེན་པོས་ཞིང་བྲན་བདག་པོས་ཁོ་ཚོར་བཙན་འགེལ་བྱས་པའི་ཁྲལ་རིགས་འདྲ་མིན་སྣ་ཚོགས་ལ་ལྕགས་ཐག་ལྗིད་པོ་ཞེས་འབོད་ཀྱི་ཡོད།

    ནོར་བུ་ལགས་ཀྱིས“སྐབས་དེ་དུས་ཁྲལ་གྱི་རིགས་ལ་ཡང་སྙིང་ག་ཚོད་ཡོད་མེད་ལན་བརྒྱབ་ཐུབ་མཁན་མེད། བོད་ཀྱི་ཞིང་བྲན་བདག་པོས་སྒྲིག་སྲོལ་དང་ལམ་ལུགས་ལ་བརྟེན་ནས་ཁྲལ་བསྡུའི་དབང་ཆར་གཅུན་འཛིན་གཏན་ནས་མི་བྱེད། ཁོང་ཚོས་རང་ཉིད་ཀྱི་འདོད་པ་ལྟར་འདོད་རྔམ་གྱིས་ཁོང་ཚོར་དགོས་པའི‘ཁྲལ་དངུལ’བགོ་ཡི་རེད”ཅེས་གསུངས།

    ཉི་མ་སྤྲིན་པའི་འོག་ནས། དྭངས་བའི་དུས་ཤིག་ཤར་ཡོང་ཟེར་བ་ལྟར་1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། བགྲེས་སོང་ནོར་བུ་ལགས་ལ་ས་ཞིང་དང་ནོར་ལུག་བགོ་བཤའ་རག་ནས་འཚོ་བ་གསར་པ་བསྐྱལ་གནང་རྒྱུ་བྱུང་ཡོད།

    བགྲེས་སོང་ཁོང་གིས“ད་ཆ་ང་རང་ལོ་ཆེན་པོར་སླེབས་སོང་། ད་དུང་ལོ་མང་ཙམ་ཐང་ཐང་ངང་ད་ལྟའི་སྲིད་ཇུས་བཟང་པོ་དེ་དག་གང་མང་མང་ལོངས་སུ་སྤྱོད་རྒྱུ་བྱུང་ན་བསམ་གྱི་འདུག”ཅེས་བཞད་མོ་འཚེར་འཚེར་ངང་གསུངས།

    བགྲེས་སོང་ནོར་བུ་ལགས་ནི་སྐུ་གཟུགས་ཐང་བས་འབྲོམ་སྟོད་གྲོང་ཚོར་སྐད་གྲགས་ཡོད། གྲོང་ཚོ་ནས་རྫོང་གྲོང་བར་སྤྱི་ལེ་6ཡོད་ཅིང་། བགྲེས་སོང་ཁོང་གིས་རྫོང་གྲོང་དུ་ལས་དོན་བསྒྲུབ་པར་ཕེབས་པའམ་ཡང་ན་སྨན་ཁང་དུ་བརྟག་དཔྱད་གནང་བར་ཕེབས་པ་སོགས་གང་ཡིན་རུང་སྤྱིར་བཏང་གོམ་པ་བརྒྱབ་ནས་ཕེབས་ཀྱི་ཡོད། ལོ་འདི་དག་ནང་བགྲེས་སོང་ནོར་བུ་ལགས་ལ་རྒྱལ་ཁབ་ཀྱི་རྒན་གསོའི་ཁ་གསབ་ལེན་རྒྱུ་ཡོད་པ་མ་ཟད་ད་དུང་སྨན་རིན་ཁག་རྩིས་ཞུ་བྱེད་ཐུབ་ཀྱི་ཡོད།

    ད་ཆ་བོད་ཀྱི་སྨན་བཅོས་ལག་རྩལ་དང་སྨན་བཅོས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བས་གཟིགས་སྐྱོང་སྲིད་ཇུས་དེ་བས་མང་བ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་ས་མཐོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་བཞིན་ཡོད།

    བགྲེས་སོང་ནོར་བུ་ལགས(གཡས)དང་ཁོང་གི་བུས་རང་ཁྱིམ་གྱི་སྒོ་རྭའི་ནང་ཅི་འཕྲོས་མོལ་འཕྲོས་གནང་བ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    བགྲེས་སོང་ནོར་བུ་ལགས་ཀྱིས་རང་ཁྱིམ་དུ་ཀ་ལ་ནས་ཆུ་ལེན་པ། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

    རང་ཁྱིམ་གྱི་ཐོག་བརྩེགས་གཉིས་པའི་སྒོ་རྭ་ཆུང་ཆུང་ནང་ལངས་བཞུགས་པའི་བགྲེས་སོང་ནོར་བུ་ལགས། (ཟླ་4ཚེས་25ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

    འདི་ནི་བགྲེས་སོང་ནོར་བུ་ལགས་ཀྱི་ཐོབ་ཐང་ལག་འཁྱེར་ཡིན། (ཟླ་4ཚེས་29ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399383281