བོད་ལྗོངས།
ཀོ་ཤས་རྫ་ཡུལ་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།

    སྐྱེ་འཚར་ལེགས་པའི་ཀོ་ཤ། ( ཟླ་5ཚེས་15ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཞོལ་སྒྲོན་གྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་གྱི་གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན་གྱི་ཐོན་ལས་དཔེ་སྟོན་གླིང་2018ལོ་ནས་བསྐྲུན་འགོ་ཚུགས་པ་དང་། 2021ལོའི་ཟླ་5པའི་བར་དུས་ཐེངས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ཞིང་། རྒྱ་ཁྱོན་མུའུ་500ཟིན་པ་དང་དྲོད་ཁང་ཆེ་མོ་149བསྐྲུན་ཡོད།

    2020ལོར་གླིང་ཁུལ་གྱི་དུས་ཐེངས་དང་པོའི་ཀོ་ཤའི་སྐམ་པོ་ཐོན་ཚད་རྒྱ་མ་4200ལྷག་ཙམ་ཟིན་པ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་210ཟིན་པས་གྲོང་རྡལ་དེ་གའི་དཔའ་ཁང་གྲོང་ཚོ་དང་རྟ་ལུང་གྲོང་ཚོ་སོགས་གྲོང་ཚོ་བདུན་ལ་ཁེ་སྤོགས་སྒོར་ཁྲི་21ཐོབ་པ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་མི་ཐེངས་2100གླས་ནས་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་42ལྷག་ཙམ་བྱུང་ཡོད། 2021ལོར་སྔོན་དཔག་བྱས་ན་གླིང་ཁུལ་གྱི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་ལས་གྲྭས་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་13ལ་ཁེ་སྤོགས་སྒོར་ཁྲི་35བགོ་བཤའ་ཐུབ་པ་བྱས་ནས་དེ་གའི་ཞིང་འབྲོག་མང་ཚོགས་མི་ཐེངས་3500ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།

    ཀོ་ཤ་བཏབ་བའི་དྲོད་ཁང་ཆེན་མོ། ( ཟླ་5ཚེས་15ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཞོལ་སྒྲོན་གྱིས་པར་བླངས།

    གྲོང་མིས་ཀོ་ཤ་འདེབས་བཞིན་པ། ( ཟླ་5ཚེས་15ཉིན་པར་བླངས) ཤིན་ཧྭ་དྲ་བའི་ཞོལ་སྒྲོན་གྱིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399507991