བོད་ལྗོངས།
བོད་སྐྱོར་སྨན་པའི“མཛེས་སྡུག་ལྡན་པའི་གཏམ་རྒྱུད”

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱས་དར་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་ཡོང་བའི་ཝང་ཁེ་མིང(གཡོན་གྱི་དང་པོ)གིས་གྲོང་མིར་བདེ་ཐང་ཤེས་བྱ་འགྲེལ་བཤད་རྒྱག་པ། (ཟླ་6ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཝང་ཁེ་མིང་ནི་ཧྲན་ཏུང་ཐའེ་ཨན་ནས་ཡིན་པ་དང་པེ་ཅིན་ཞེ་ཧོ་གསོ་རིག་སློབ་ཆེན་ནས་གསོ་རིག་འབུམ་རམས་པའི་སློབ་གནས་ཐོབ་ཡོད། ཀྲུང་གོ་གསོ་རིག་ཚན་རིག་ཁང་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གསོ་རིག་གླིང་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ཞིག་ཡིན་པའི་ངོས་ནས་2020ལོའི་ཟླ་7པར་ཁོང་གིས་རང་འགུལ་ངང་སྨན་བཅོས་ཤེས་ལྡན་མི་སྣ་ཁག་དྲུག་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་གྲས་སུ་ཐོ་འགོད་བྱས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་པར་སླེབས་ཡོད།

    བོད་དུ་འབྱོར་ནས་ཡུན་རིང་མ་སོང་བར། ཝང་ཁེ་མིང་གིས་སྨན་ཁང་ལ་གཞོགས་འདེགས་བྱས་ནས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གསར་དུ་འཛུགས་རྒྱུའི་རེ་ཞུ་བྱས་པས་ངོ་གདོང་ལ་དབང་སྐྱོན་ཤོར་བའི་ནད་པ་བོད་ནས་མ་ཐོན་པར་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད། གསོ་རིག་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་བཙུགས་ནས་དུས་ཐུང་ཟླ་བ་ཁ་ཤས་སོང་རིང་། སྔོན་མངགས་བྱས་པའི་ནད་པ་300ལྷག་ཙམ་ལས་བརྒལ་བ་དང་ཝང་ཁེ་མིང་གིས་ཀྱང་སླེབས་མ་ཐག་པའི་གཟའ་འཁོར་རེར་གཤགས་བཅོས་ཉིན་མོ་རེ་ནས་རིམ་བཞིན་གཤགས་བཅོས་ཉིན་མོ་ལྔ་བར་མང་དུ་བཏང་ཡོད། ཞིང་འབྲོག་པ་ལྷ་སར་སྨན་བཅོས་བྱེད་པར་ཡོང་མི་བདེ་བའི་ཐད་བསམ་གཞིག་བྱས་ཏེ་ཝང་ཁེ་མིང་གིས་ད་དུང་རུ་ཁག་ཐེངས་མང་སྒྲིག་འཛུགས་ནས་མངའ་རིས་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་སོགས་སུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཡོད།

    རྒྱུན་གཏན་གྱི་སྨན་བཅོས་དང་གཤགས་བཅོས་ཕུད་ཝང་ཁེ་མིང་གིས་ད་དུང་གཅིག་སྡུད་ཐོག་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་བོད་ཀྱི་ས་གནས་དེ་གའི་གསོ་རིག་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ཐད་ཀྱི“བརྒྱུད་ཁྲིད་རོགས་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་ཀྱིན་ཡོད། ཁོང་གི་སྣེ་ཁྲིད་འོག་སྨན་ཁང་དུ་གསོ་རིག་དབང་པོ་བཅོས་བཟོའི་མཛེས་བཟོ་བྱེད་མཁན་མང་དུ་ཕྱིན་པ་དང་ལག་རྩལ་གྱི་ཆུ་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ཡོད།

    ཝང་ཁེ་མིང(གཡོན)གིས་འདམ་གཞུང་རྫོང་རྒྱས་དར་ཤང་རྒྱས་དར་གྲོང་ཚོའི་འབྲོག་རར་འབྲོག་པར་འོས་འགན་སྨན་བཅོས་བྱེད་པ། (ཟླ་6ཚེས་19ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ་ཝང་ཁེ་མིང(གཡོན་གྱི་གཉིས་པ)གིས་ལས་རོགས་དང་མཉམ་དུ་ངོ་གདོང་ལ་དབང་སྐྱོན་ཤོར་བའི་ནད་པར་གཤགས་བཅོས་བྱེད་པ། (ཟླ་5ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ་ཝང་ཁེ་མིང་གིས་ངོ་གདོང་ལ་དབང་སྐྱོན་ཤོར་བའི་ནད་པར་གཤགས་བཅོས་བྱེད་པ། (ཟླ་5ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཝང་ཁེ་མིང(གཡས)དང་གཤགས་བཅོས་བྱས་ཟིན་པའི་ནད་པ་ཞིག་སྤེལ་རེས་བྱེད་པ། (ཟླ་5ཚེས་11ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཝང་ཁེ་མིང་གིས་གསོ་རིག་དབང་པོ་བཅོས་བཟོའི་སློབ་ཁྲིད་ཡིག་ཆ་ལེགས་སྒྲིག་བྱེད་པ། བྱེད་པ། (ཟླ་5ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཝང་ཁེ་མིང(གཡོན་གྱི་དང་པོ)གིས་གསོ་རིག་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གི་གསོ་སྦྱོང་སྤེལ་བ། (ཟླ་5ཚེས་14ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310051512