• ༄༅།། བོད་ དུ་ རྟ་ རྒྱུག་ བཏང་ ནས་ ལོ་ གསར་ དགའ་ གཏོང་ བྱེད་ པ།

    • 2016-Feb-2

    • གསར་འགྱུར་འབྱུང་ཁུངས།

    • མི་དམངས་ཉིན་རེའི་ཚགས་པར།

    • འགན་འཁུར་རྩོམ་སྒྲིག་པ།

    • ཟླ་བ་ཚེ་རིང་།

  •     རྟ་རྒྱུག་ནི་བོད་རིགས་ཀྱིས་དགའ་ཞེན་ཆེན་པོ་བྱེད་པ་དང་དར་ཁྱབ་ཆེ་བའི་ལུས་རྩལ་བྱེད་སྒོ་ཞིག་རེད། བོད་ཀྱི་རྟ་རྒྱུག་ལོ་རྒྱུས་ཡུན་རིང་བ་དང་བོད་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པར་གཞིགས་ན། རྟ་རྒྱུག་ཐེངས་དང་པོ་དེ་ནི་བསམ་ཡས་དགོན་ལེགས་གྲུབ་བྱུང་བའི་མཛད་སྒོའི་ཐོག་བཏང་བ་དང་སྤྱི་ལོ་729ལོར་ཡིན་པ་དང་སྐབས་དེར་རྟ་རྒྱུག་ཟླ་ཕྱེད་ཙམ་བཏང་བ་རེད།

        རྟ་རྒྱུག་ནི་བོད་ཀྱི་ལོ་གསར་གཏོང་རིང་མེད་དུ་མི་རུང་བའི་བྱེད་སྒོ་ཞིག་ཡིན་ཞིང་རྟ་རྒྱུག་དེ་བོད་དུ་བཀྲ་ཤིས་དང་། དཔའ་ངར། བློ་གྲོས་བཅས་མཚོན་གྱི་ཡོད། དུས་རབས་གོང་མའི་ལོ་རབས་80ནས་བཟུང་ལོ་ལྟར་བོད་ཀྱི་ལོ་གསར་སྐབས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཤར་ལམ་དུ་གནས་པའི་བྱང་འདབས་རྟ་རྒྱུག་ར་བར་སྲོལ་རྒྱུན་གྱི་རྟ་རྒྱུག་རྩལ་སྟོན་ཐེངས་གཅིག་བྱེད་པ་དང་ལོ་ལྟར་ལོ་གསར་གྱི་ཚེས་3ཉིན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་མི་ཁྲི་གཅིག་ལྷག་ཙམ་ཟིན་གྱི་ཡོད།

        2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་ཉིན་གཅིག་གི་ཧེ་བག་ལས་མེད། ལོ་གསར་གྱི་རྟ་རྩལ་གྲ་སྒྲིག་བྱེད་བཞིན་པའི་བོད་ལྗོངས་རྟ་རྩལ་རུ་ཁག་གི་རུ་མི་བཀྲ་ཤིས་དར་རྒྱས་ཀྱིས་ཟླ་1ཚེས་24ཉིན་ལོ་ལྟར་ཁྱད་ལྡན་རྟ་རྩལ་གླེང་ནས“རྟ་ཐོག་རྩལ་སྟོན”ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩལ་སྟོན་ཞིག་ཡིན་པ་དང་ད་དུང་བོད་ཀྱི་ཁྱད་ཆོས་ལྡན་པའི“རྟ་ཐོག་ནས་ཁ་བཏགས་སྒྲུག་པ”དང་“རྟ་ཐོག་ནས་ཕོར་པ་ལེན་པ”སོགས་ཡོད་ཅེས་བཤད།

        ལྷ་སའི་རྟ་རྒྱུག་ཕུད་བོད་ཀྱི་ས་གནས་ཁག་ཏུ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད། གནམ་མཚོའི་མཚོ་འགྲམ་གྱི་འབྲོག་པ་ཚོས་ཀྱང་བོད་ཀྱི་ལོ་གསར་རིང་རྟ་རྒྱུག་གཏོང་གི་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350673321