བོད་ལྗོངས།
བོད་ཀྱིས་ཀྲུང་གོའི་འབྲི་གཡག་གི་གཞི་རྒྱུའི་མཛོད་ཆ་ཚང་ཤོས་ཤིག་བསྐྲུན་པ།

    “ཉེ་ཆར་ང་ཚོས་ལྷོ་ནུབ་མི་རིགས་སློབ་ཆེན་དང་མཉམ་དུ་ཀྲུང་གོའི་འབྲི་གཡག་རྒྱུད་པ་30(རིགས་ཁྱུ)ཡི་གཞི་རྒྱུའི་མཛོད་སྤྱིར་ན་བསྐྲུན་ཟིན་པས་ནི་ཀྲུང་གོའི་འབྲི་གཡག་གི་གཞི་རྒྱུའི་མཛོད་ཆ་ཚང་ཤོས་ཤིག་རེད”ཅེས་བོད་རང་སྐྱོང་ལྗོངས་འབྲི་གཡག་ཐོན་ལས་ལག་རྩལ་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན་འབུམ་རམས་པ་ཅི་ཆིའུ་མེ་ཡིས་དེ་ལྟར་བཤད།

    ཀྲུང་གོ་ཚན་རྩལ་པུའུ་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་འདི་ལོའི་ལོ་འགོར་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་པོ་ཡིན་པའི་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བཙུགས་པའི་ནས་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་དང་རྒྱུད་སྤེལ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད།

    ཚོད་ལྟ་ཁང་གི་དམིགས་ཡུལ་ནི་བོད་ཀྱི་ནས་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་བསྡུ་རུབ་དང་། གསལ་འབྱེད། དཔྱད་དཔོག་བཅས་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་ནས་ཀྱི་རྒྱུད་འཛིན་ཐོན་ཁུངས་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་ཉར་ཚགས་མཛོད་དང་དེའི་ཆ་འཕྲིན་གྲངས་གཞིའི་མཛོད་དེ་བཞིན་ནས་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་ཀྱི་ལྟེ་བའི་རྒྱུད་འཛིན་མཛོད་བཙུགས་ཏེ་རྒྱུད་སྤེལ་རྣམ་པའི་ནུས་པའི་གཞི་རྒྱུ་གལ་ཆེན་སྔོག་འདོན་བྱས་ནས་རྒྱུད་འཛིན་གསར་པ་བཟོ་རྒྱུ་དེ་ཡིན།

    འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་ཀྱི་རྒྱུད་སྤེལ་དང་རྒྱུད་པ་ལེགས་བཅོས་བྱེད་པའི་རྣམ་གྲངས་ཀྱི་ཚན་ཞིབ་པ་གཙོ་བོ་ཡིན་པའི་ཅི་ཆིའུ་མེ་ཡིས་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཐད་ཚོད་ལྟ་ཁང་གིས་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་རིག་པ་དང་། འབྲི་གཡག་རྒྱུད་སྤེལ་དང་གསོ་བའི་རིག་པ། འབྲི་གཡག་གི་ཆ་རྡུལ་སྐྱེ་དངོས་རིག་པ་སོགས་རིག་ཚན་ཆེན་པོ་ལྔ་ལ་རྒྱབ་སྐྱོར་དང་འཛུགས་སྤེལ་བྱ་རྒྱུ་རེད་ཅེས་བཤད།

    སྔོན་མའི་འབྲི་གཡག་ཞིབ་འཇུག་གི་རྨང་གཞིའི་ཐོག་ཚོད་ལྟ་ཁང་གིས་འབྲི་གཡག་ཁྱུ་ཚོགས་ཆུང་ངུའི་རྒྱུད་སྤེལ་དཔྱད་དཔོག་མ་ལག་རགས་ཙམ་བཙུགས་ཟིན་ཞིང་། དེས་མ་ཚད་འདེམས་གསོའི་རྟེན་གཞི་4དང་། རྒྱུད་སྤེལ་ཁྱབ་གདལ་རྟེན་གཞི་1བཙུགས་ནས་འདེམས་གསོ་བྱས་ནས་སྤུ་གསར་4000ལྷག་ཟིན་པ་དག་གི་ཤ་ཤེད་རྒྱས་ཚད་10.22%མཐོ་རུ་སོང་བ་དང་རྒྱུད་བཟང་མགོ་གྲངས་600ཁྱབ་གདལ་བཏང་ཡོད།“དེ་ནི་ཀྲུང་གོའི་འབྲི་གཡག་རྒྱུད་འཛིན་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཐད་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཞིག་རེད”

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367738831