བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།

    ཟླ་12ཚེས་2ཉིན། བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་གསན་པ་དང་དུས་མཚམས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བ་དང་རིག་གནས་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་རིག་གནས་འཚོ་བའི་དགོས་མཁོ་བསྐང་རྒྱུར་དམིགས་ནས་མཚན་ཚོགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་ཕྱར་བ་གྲུ་འདེགས་ཀྱིས་མཚན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པ་དང་། ལེ་ཚན་གྱི་ནང་དོན་དང་རྣམ་པ་དང་། གསར་གཏོད་དང་རྒྱུན་འཛིན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ངོ་མཚར་ཆེ་ཞིང། ལྟ་འདོད་ལ་ཉན་སྤྲོ་བའི་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གང་ལེགས་མངོན་པར་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་གོང་བཀུར་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱེད་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པའི་བསམ་པའི་ཉམས་འགྱུར་ཡག་པོ་གང་ལེགས་མངོན་པར་བྱེད་པ། མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོད་པ། དམངས་འཚོ་མུ་མཐུད་ལེགས་སུ་ཕྱིན་པ། སྣོད་བཅུད་མུ་མཐུད་ལེགས་སུ་ཕྱིན་པ། མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད་པ། མཐའ་སྲུང་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ཀྱི་དུས་བབ་བཟང་པོ་གང་ལེགས་མངོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368018451