བོད་ལྗོངས།
བོད་ལྗོངས་ཀྱི་གཞུང་དྲང་ལྟ་འདོམས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ།

    ཉིན་རེའི་ལྟ་འདོམས“སྐབས་བསྟུན་གཉིས་དང་ཡོངས་བསྒྲཌ་གཅིག”ཕྱོགས་ཡོངས་ལ་ཁྱབ་པ།

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་ཅུས་དེས་ལོ་ཧྲིལ་པོར་དུད་ཚང་ཁྲི་2.83ལྷག་ཙམ་གྱི་འཐེན་བཤེར་འཆར་གཞི་བཀོད་སྒྲིག་བྱས་པ་མ་ཟད་བཟའ་བཅའ་དང་། ཚད་འཇལ། དམིགས་བསལ་སྒྲིག་ཆས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་5545ལ་གནས་གཏན་འཁེལ་གྱི་འཐེན་བཤེར་བྱས་པ་དང་འཐེན་བཤེར་ཁྱབ་ཚད་13%ཟིན་པ་དེ་རྒྱལ་ཁབ་ཀྱིས་སྔོན་བཀོད་བྱས་པའི་དམིགས་ཚད་ལས་8%ཀྱིས་མཐོ་བ་བྱུང་ནས་རྒྱུན་གཏན་ལྟ་འདོམས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་མཉམ་བཞུགས་ཚོགས་འདུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་19ཡི་འཐེན་བཤེར་དོན་ཚན་282གསེད་བཀྲོལ་དང་ཕྱོགས་སྡོམ་བྱས་ཡོད། 《ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་སུ་སྡེ་ཚན་མཉམ་འབྲེལ་གྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་སུ་སྡེ་ཚན་མཉམ་འབྲེལ་གྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ལྟ་འདོམས་ལས་དོན་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་ཏེ་ལྗོངས་ཡོངས་གཅིག་གྱུར་གྱི་སྐབས་བསྟུན་གཉིས་ཀྱི་ལྟ་འདོམས་ལས་སྟེགས་བཙུགས་པ་མ་ཟད་རང་སྐྱོང་ལྗོངས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ལས་ཀའི་མཉམ་བཞུགས་ཚོགས་འདུའི་ཁོངས་མི་དང་ཚན་པའི་སྐབས་བསྟུན་འཐེན་བཤེར་དོན་ཚན་གྱི་གསལ་ཐོ(པར་གཞི་དང་པོ)བཟོས་པ་དང་། རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་བྱ་ཡུལ་གྱི་མིང་ཐོའི་མཛོད་དང་ཁྲིམས་འཛིན་ཞིབ་བཤེར་མི་སྣའི་མིང་ཐོའི་མཛོད་བཙུགས་ཏེ་ཞིབ་བཤེར་བྱ་ཡུལ་ཁྲི་32.6དང་ཁྲིམས་འཛིན་མི་སྣ་1315སོ་སོར་ཕབ་འཇུག་བྱས་ཡོད། དེ་དང་ཆབས་ཅིག་ལྗོངས་སྤྱི་བདེ་ཐིང་དང་། དངུལ་རྩའི་དོ་དམ་ཅུས། དངུལ་འཛིན་ལྟ་སྐུལ་ཅུས། ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅས་སྡེ་ཚན་5ཡིས་སྡེ་ཚན་བརྒལ་བའི་མཉམ་འབྲེལ་སྐབས་བསྟུན་འཐེན་བཤེར་ལས་དོན་སྤེལ་ཏེ་ཆུས་དང་ཅུས་སུ་ཐོ་བཀོད་བྱས་པའི་དངུལ་རྩའི་ཁེ་ལས་ཀྱི་ཚོང་དུད་རིགས་58ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386689171