བོད་ལྗོངས།
བོད་ལྗོངས་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོའི》དུས་ཚིགས་དང་པོའི་འཁྲབ་སྟོན་དངོས་སུ་མཇུག་འགྲིལ་བ།

    2020ལོའི་ཟླ་1ཚེས་4ཉིན་གྱི་དགོང་མོར། བོད་ལྗོངས་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོའི》དུས་ཚིགས་དང་པོའི་འཁྲབ་སྟོན་དངོས་སུ་མཇུག་འགྲིལ་ཞིང་། འཁྲབ་སྟོན་ལྷ་ས་གྱིམ་ཤིང་ཀོང་ཇོའི་ཟློས་གར་འཁྲབ་ཡུལ་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད། ཟློས་གར་དེའི་དུས་ཚིགས་གཉིས་པའི་འཁྲབ་སྟོན་ཟླ་3ཚེས་20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ་རེད།

    ཟློས་གར་དེ་2019ལོའི་ཟླ་8པའི་ཟླ་དཀྱིལ་ནས་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་། ཟླ་11ཚེས་1ཉིན་ནས་བཟུང་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》རྒྱུན་མཐུད་ནས་དགུན་དུས་ཀྱི་མཚན་མོའི་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད། འབྲེལ་ཡོད་འགན་འཁུར་བས། ཟློས་གར་དེས་ལྷ་སའི་དགུན་དུས་མཚན་མོའི་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ངང་ཕུན་སུམ་ཚོགས་སུ་བཏང་ནས་བོད་ལྗོངས་ཀྱི་ལྗོངས་ཕྱི་ནང་གི་ཡུལ་སྐོར་བའི་མཚན་མོའི་སྤྲོ་གསེང་རོལ་རྩེད་འཚོ་བར་དེ་བས་སྣ་མང་ཅན་གྱི་གདམ་ག་མཁོ་འདོན་བྱས་ཡོད། མིག་སྔར“དགུན་དུས་བོད་དུ་ཡུལ་སྐོར་བྱེད། མཚན་མོར་གྱིམ་ཤིང་ཀོང་ཇོ་ལྟ”ཞེས་པ་རྒྱ་ཆེའི་ཡུལ་སྐོར་བ་ཚོའི་ལམ་ཐིག་བཀོད་སྒྲིག་ཅིག་ཏུ་རིམ་གྱིས་གྱུར་ཡོད་ཅེས་བཤད།

    འགན་འཁུར་བ་དེས་ཟློས་གར་དེས་ད་དུང་རིག་གནས་ཡུལ་སྐོར་མཉམ་འགུལ་བརྒྱུད། དབུལ་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་གྱིས་ས་གནས་དེ་གའི་དམངས་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། རྣམ་གྲངས་དེ་ཡོངས་སུ་བསྐྲུན་ཟིན་རྗེས། མི་3000ཙམ་ཐད་ཀར་རམ་གཞན་བརྒྱུད་ཐོག་ནས་ལས་ཞུགས་ཐུབ་པ་དང་སྦྲགས། བོད་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གནས་སྤོ་བྱ་ཡུལ་གྱི་མི་འབོར་དབུལ་པོར་དམིགས་ནས་གནས་གཏན་འཁེལ་གྱིས་དབུལ་སྐྱོར་གྱི་ངོ་བོ་ལྡན་པའི་ལས་གནས་100ལྷག་ཙམ་གཏོད་རྒྱུ་རེད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། དུས་མཚམས་རྗེས་མར། ཟློས་གར་དེས་སྒྱུ་རྩལ་གྱི་རྣམ་པའི་ཐད་སྔར་བས་ཞིབ་ཚགས་སུ་བཏང་སྟེ་དཔྱིད་དྲོད་སླེབས་ནས་མེ་ཏོག་རྣམ་པར་བཞད་པའི་སྐབས་སུ་ལྟད་མོ་བ་ཚོར་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་འགྲོ་བའི་ཟློས་གར་རྩེ་གྲ་ཞིག་འཁྲབ་ཐུབ་པ་བྱ་རྒྱུ་རེད། གཞན་ཡང་ད་དུང་ཨེ་ཤེ་ཡ་ལྷོ་མའི་ཉམས་འགྱུར་ལྡན་པའི་གླིང་སོགས་འབྲེལ་ཡོད་ཡུལ་སྐོར་གྱི་ལེ་ལག་སྒྲིག་ཆས་བསྐྲུན་ནས་ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཕྱོགས་ཡོངས་དང་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་བསྡུས་པའི་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཐག་བཏོད་དེ་ས་ཁོངས་ཡུལ་སྐོར་གྱི་ཐོན་རྫས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386842061