བོད་ལྗོངས།
བོད་ཀྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་བ་དང་རྩ་ཆེའི་བོད་ཡིག་གནའ་དཔེ་འབོར་ཆེན་ཞིག་ཉེ་དུས“དྲ་ཐོག་ནས་ལྟ་ཀློག”ཐུབ་རྒྱུ་ཡིན་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱིས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི་6000ཙམ་གྱི་ཡོངས་བཤེར་ཐོ་འགོད་ཀྱིས་གྲངས་གཞི་ལེགས་སྒྲིག་དང་ཡིག་ཚགས་ནང་བཅུག་པའི་ལས་དོན་ལེགས་གྲུབ་བྱུང་ཞིང་། བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བའི་གྲངས་གཞིའི་མཛོད་6TBཙམ་བསྐྲུན་ཟིན་པ་དང་། གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བའི་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཚད་མུ་མཐུད་མགྱོགས་སུ་བཏང་ཡོད།

(图文互动)(1)西藏古籍文献数字化提速 大批珍贵藏文古籍近期实现“云阅读”

    བོད་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་མི་སྣས་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་ནོར་བུ་གླིང་ཁར་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤེལ་བ། (དཔྱད་གཞིའི་པར་རིས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་མཁོ་འདོན་བྱས)

    འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཚོད་རྩིས་བྱས་པར། མིག་སྔར་རང་རྒྱལ་དུ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་སྤྱིའི་གྲངས་འབོར་པོ་ཏི་ཁྲི་བཅུ་ཕྲག་ཡན་ཡོད་ཅིང་། དེའི་ཁྲོད་ཀྱི་བརྒྱ་ཆ་ལྔ་བཅུ་ཡན་བོད་ལྗོངས་ནང་ཁོངས་ཀྱི་ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ཡིག་ཚགས་ཁང་སོགས་གཙོ་གནད་སྲུང་སྐྱོང་ཚན་པར་ཉར་ཚགས་བྱས་ཡོད་པ་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་དགོན་སྡེ་1300ལྷག་ཙམ་ནང་ཉར་ཚགས་བྱས་ཡོད་པ་རེད།

    འདས་ཟིན་པའི་ལོ་གཅིག་རིང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་དང་ཁག་སོ་སོར་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི་1256དང་པོ་ཏི་884ཡི་ཡོངས་བཤེར་ཐོ་འགོད་ལས་དོན་མཉམ་དུ་ལེགས་སྒྲུབ་བྱས་པ། ལྷོ་ཁ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ནོར་བུ་གླིང་ཁ་བཅས་ཀྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཁྱོན་པོ་ཏི་3445ཡོངས་བཤེར་བྱས་པའི་གྲངས་གཞི་ཕྱོགས་བསྡོམས་དང་ལེགས་སྒྲིག ཕབ་འཇུག་བཅས་ལེགས་སྒྲུབ་བྱས་པ། གཞིས་རྩེ་བཀྲས་ལྷུན་དགོན་གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི་1188ཀྱི་ཡོངས་བཤེར་ལེགས་སྒྲུབ་བྱས་པ། རལ་སྐྱོན་ཤོར་བའི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ཤོག་ལྷེ་532ཀྱི་ཉམས་གསོའི་ལས་དོན་ལེགས་སྒྲུབ་བྱས་ཡོད།

(图文互动)(2)西藏古籍文献数字化提速 大批珍贵藏文古籍近期实现“云阅读”

    བོད་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་མི་སྣས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་གནའ་དཔེ་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤེལ་བ། (2017ལོའི་ཟླ་6ཚེས་20ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སྒྲོན་ལགས་ཀྱིས་པར་བླངས།

    གཞན་ཡང་། རྩ་ཆེའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་དེ་དག་གི་གསོན་ཤུགས་རྒྱས་ཆེད། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ལོ་མང་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་པོ་ཏི་167དང་ཤོག་ལྷེ་24126ཡོད་པའི་སྤྱིའི་ཤོང་ཚད་5.94TBཟིན་པའི་རྩ་ཆེའི་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བའི་གྲངས་གཞིའི་མཛོད་བསྐྲུན་རྒྱུ་ལེགས་གྲུབ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས“བོད་ཡིག་གི་གནའ་དཔེ་གྲངས་འཛིན་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་མིག་སྔར་གནའ་དཔེ་དང་ཚད་ལྡན་ཡིག་ཆའི‘ཉར་ཚགས་གཙོ་བོ་དང་བེད་སྤྱོད་ཕལ་པར’བཟུང་བའི་རྣམ་པར་འགྱུར་ལྡོག་གཏོང་ཆེད། འཆར་འགོད་གཞིར་བཟུང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གྲངས་འཛིན་ཅན་དུ་འགྱུར་བའི་གྲངས་གཞིའི་མཛོད་ཉེ་དུས་ལེགས་སྒྲུབ་ཐུབ་རྒྱུ་མ་ཟད་དྲ་ཐོག་ནས་ཀློག་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། སྐབས་དེ་དུས་མང་ཚོགས་ཀྱིས་གྲངས་འཛིན་ཅན་གྱི་གནའ་དཔེ་ལྟ་ཀློག་བྱེད་པའི་དགོས་མཁོ་དེ་བས་ལེགས་པ་བསྐང་ཐུབ་རྒྱུ་རེད”ཅེས་གསུངས།

(图文互动)(3)西藏古籍文献数字化提速 大批珍贵藏文古籍近期实现“云阅读”

    བོད་ཀྱི་གནའ་དཔེ་ཡོངས་བཤེར་གྱི་ལས་དོན་མི་སྣས་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་བ། (དཔྱད་གཞིའི་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ནས་མཁོ་འདོན་བྱས)

    གྲངས་གཞི་ལས་གསལ་བར། མིག་སྔའི་བར་བོད་ཀྱིས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་པོ་ཏི་18000ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་ཟིན་པ་དང་། གནའ་དཔེ་པོ་ཏི་291《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་བཅུག་ཡོད། 《གངས་ལྗོངས་ནོར་མཛོད》སོགས་བོད་ཡིག་གི་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་བྱས་པའི་གྲུབ་འབྲས་མཚོན་པའི་མུ་འབྲེལ་དཔེ་ཚོགས་བཅུ་གྲངས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ཡོད། རིམ་རྩིས་བྱས་ན་སྟོངས་ལ་ཉེ་བའི་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་ཤོག་ལྷེ་3000ཙམ་ཉམས་གསོ་བྱས་པ་དང་གཞི་རིམ་གྱི་གནའ་དཔེ་ཉར་ཚགས་ཚན་པ་14ཡི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་ལེགས་སྒྲུབ་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388743621