བོད་ལྗོངས།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་གི་ཤེས་བྱ་འགྲན་བསྡུར་བྱེད་འགོ་ཚུགས་པ།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཆར་ལ་ཉེ་བའི་དུས་སུ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་གི་ཤེས་བྱའི་འགྲན་བསྡུར་གྱི་ལན་འདེབས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ད་རེས་ཀྱི་བྱེད་སྒོ་སྤེལ་ཡུན་ནི་ཟླ་3ཚེས་24ནས་ཟླ་3ཚེས་31ཉིན་བར་ཡིན་པ་དང་། འདྲི་གཞི་ནི་གཅིག་འདེམས་དང་མང་འདེམས་ཀྱི་གདམ་འཇུག་འདྲི་གཞི་ཡིན་པ། འདྲི་གཞིའི་ནང་དོན་ཚང་མ་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་དྲ་ཐོག་འགྲེམས་ཁང་ནང་བཤམས་པའི་ནང་དོན་དང་ཡི་གེ་དང་པར་རིས་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཡིན་པ་རེད། རྒྱ་ཆེའི་དྲ་གྲོགས་ཚོས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཀུན་འདུས་སྨྱན་སྦྱོར་ལས་སྟེགས(ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་། བོད་ལྗོངས་ཉིན་རེའི་ཚཌ་པར་གྱི་དུད་སྣེ། སྐད་འཕྲིན་སྤྱི་རྟཌ)བརྒྱུད་དྲ་ཐོག་ནས་འགྲེམས་ཁང་དྲ་ཚིགས་སུ་ཞུགས་ཏེ། འབྲེལ་ཡོད་ལོ་རྒྱུས་ཤེས་བྱ་ཤེས་རྟོགས་གཏིང་ཟབ་བྱས་རྗེས་དྲི་བར་ལན་འདེབས་ཆོག རྒྱ་ཆེའི་དྲ་གྲོགས་ཚོར་ད་རེས་ཀྱི་བྱེད་སྒོར་ཞུགས་རྒྱུའི་སྐུལ་ལྕག་གཏོང་ཆེད། གཙོ་གཉེར་ཕྱོགས་ཀྱིས་ཟླ་4ཚེས་1ཉིན་སྐར་གྲངས་ཨང་དང་པོ་ནས་བཅུ་པ་བར་སླེབས་པའི་དྲ་གྲོགས་ཀྱི་མིང་ཁྱབ་བསྒྲགས་བྱ་རྒྱུ་དང་འབྲེལ་ལག་རྟགས་ཀྱང་སྤྲོད་རྒྱུ་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389147351