བོད་ལྗོངས།
གསེར་ཐང་གི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་གླེང་སྟེགས་ལྷ་སར་འཚོགས་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཕེང་ཁྲུའུ་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་སི། བོད་ལྗོངས་ཚེ་མཆོག་གླིང་རིག་གནས་བློ་གསར་མ་འཇོག་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་བོད་ལྗོངས་གསེར་ཐང་རིག་གནས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་སྒྲུབ་འགན་ཁུར་བའི“གསེར་ཐང་གི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་གླེང་སྟེགས”ལྷ་སར་འཚོགས་པ་རེད།

    རང་ལྗོངས་ཀྱི་ཐང་གའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། བྲིས་ལུགས་ཁག་གི་ལྷ་འབྲི་བ་མཁས་ཅན་གྱི་འཐུས་མི། ལྷ་འབྲི་བ་སོགས་མི་200ལྷག་ཙམ་ལྷན་དུ་འཛོམས་ནས་བོད་ཀྱི་ཐང་གའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཐད་ཐབས་དང་ཇུས་བཏོན་པ་དང་ཆབས་ཅིག གསེར་ཐང་དང་། བོད་ཀྱི་ཐང་གའི་ཐོན་ལས་གླིང་རྣམ་གྲངས་ཀྱི་མདུན་ལམ་དང་། ལེགས་ཆ། བྱེད་ནུས་སོགས་ལ་གྲོས་བསྡུར་ཡང་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723341