བོད་ལྗོངས།
བགྲེས་སོང་ཉི་མ་ལགས་ཀྱི་མི་ལོ་དྲུག་ཅུའི་འཇུ་བྲོའི་ཕུགས་འདུན།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“འཇུ་བྲོའི”འབྱུང་ཁུངས་ཡིན། ལྷོ་ཁའི་རྒྱུད་དུ་དར་བའི་དམངས་ཁྲོད་ཀྱི་བཀྲ་ཤིས་གསོལ་སྨོན་འདེབས་པའི་ཞབས་བྲོའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “འཇུ་བྲོ”ནི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཀྱི་དམིགས་བསལ་གྱི་སྒྱུ་རྩལ་ཞིག་ཡིན་པ་དང་ད་ཡོད་འཛམ་གླིང་མི་རིགས་ཁག་གི་སྲོལ་རྒྱུན་ཞབས་བྲོའི་རིག་གནས་ཁྲོད་ཆེས་གནའ་ཉམས་ལྡན་པའི་འཁྲབ་སྟངས་ཤིག་ཀྱང་ཡིན།

(图片故事)(1)尼玛老人:戏梦一甲子

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“འཇུ་བྲོའི”རྒྱུན་འཛིན་པ་ཉི་མ་ལགས། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

    འཇུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་ཉི་མ་ལགས་ནི་ཐུན་མོང་མ་ཡིན་པའི་ཞབས་བྲོ་དེའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རྒྱུན་འཛིན་པ་ཡིན། ལོ་9ནས་བཟུང་ཞབས་བྲོ་སྦྱོང་འགོ་ཚུགས་པ་དང“འཇུ་བྲོ”འཁྲབ་ནས་ལོ་ངོ་60ལྷག་ཙམ་སོང་ཞིང་། “འཇུ་བྲོའི”སྣེ་ཁྲིད་དེ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཡིན་པའི་ཧྲན་ཧའོ་བྱ་དགའི་ཚོམས་ཆེན་དུ་འཁྲབ་སྟོན་གནང་བར་ཕེབས་ཡོད།

(图片故事)(2)尼玛老人:戏梦一甲子

    བགྲེས་སོང་ཉི་མ་ལགས་ཀྱིས“འཇུ་བྲོ”འཁྲབ་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

    ལོ་བཅུ་ཕྲག་ཁ་ཤས་རིང་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་ཞིབ་དང་བརྩོན་ལེན་གནང་བ་བརྒྱུད་བགྲེས་སོང་ཉི་མ་ལགས་ལ“འཇུ་བྲོའི”འཁྲབ་སྟངས་ཐད་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཉམས་འགྱུར་ཞིག་ཆགས་ཡོད། འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་གིས་བྲོ་དཔོན་གྱི་འགན་བཞེས་ནས་ཞབས་བྲོའི་སྟངས་སྟབས་དང་འགྱུར་ཁུག་ཧྲིལ་པོ་ཚོད་འཛིན་གནང་གི་ཡོད། ད་ཆ་འཇུ་གྲོང་ཚོར་བགྲེས་སོང་ཉི་མ་ལགས་ཀྱིས་སྔ་རྗེས་སུ་སློབ་མ་80ལྷག་ཙམ་གསོ་སྐྱོང་གནང་བ་དང་མ་ཟད་བྲོའི་རུ་ཁག་བཙུགས་གནང་ཞིང་། རུ་ཁག་གི་ན་གཞོན་རུ་མི་ཚོས་རྒྱུན་དུ་ལྗོངས་ཕྱི་ནང་དུ་འཁྲབ་སྟོན་བྱེད་པར་འགྲོ་བས་གར་སྟེགས་དེ་བས་ཆེ་བ་མིག་ལམ་དུ་མཐོང་ཐུབ་པ་དང་བྲོ་འཁྲབ་རྒྱུ་དེའང་འཇུ་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

(图片故事)(3)尼玛老人:戏梦一甲子

    བགྲེས་སོང་ཉི་མ་ལགས(དཀྱིལ)དང་ཁོང་གི་དགེ་ཕྲུག་ཚོའི་མཉམ་པར། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(4)尼玛老人:戏梦一甲子

    “འཇུ་བྲོའི”རྒྱུད་འཛིན་པ་ཉི་མ་ལགས་ཀྱིས་འཕྱོངས་རྒྱས་རྗོང་ཤ་གསོས་ཤང་སློབ་ཆུང་དུ་སློབ་ཁྲིད་འཁྲབ་སྟོན་གནང་བ། (ཟླ་7ཚེས་2ཉིན་མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(5)尼玛老人:戏梦一甲子

    ཉི་མ་ལགས(དཀྱིལ)དང་དགེ་ཕྲུག་ཚོས“འཇུ་བྲོ”འཁྲབ་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(6)尼玛老人:戏梦一甲子

    བགྲེས་སོང་ཉི་མ་ལགས་དང་དགེ་ཕྲུག་ཚོས“འཇུ་བྲོ”འཁྲབ་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(7)尼玛老人:戏梦一甲子

    བགྲེས་སོང་ཉི་མ་ལགས་དང་དགེ་ཕྲུག་ཚོས“འཇུ་བྲོ”འཁྲབ་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེན་ཡན་གྱིས་པར་བླངས།

(图片故事)(8)尼玛老人:戏梦一甲子

    བགྲེས་སོང་ཉི་མ་ལགས་དང་དགེ་ཕྲུག་ཚོས“འཇུ་བྲོ”འཁྲབ་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(9)尼玛老人:戏梦一甲子

    “འཇུ་བྲོའི”རྒྱུད་འཛིན་པ་ཉི་མ་ལགས་ཀྱིས་འཕྱོངས་རྒྱས་རྗོང་ཤ་གསོས་ཤང་སློབ་ཆུང་དུ་སློབ་ཁྲིད་འཁྲབ་སྟོན་གནང་བ། (ཟླ་7ཚེས་2ཉིན་མི་མེད་གནམ་གྲུས་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

(图片故事)(10)尼玛老人:戏梦一甲子

    ཉི་མ་ལགས་ཀྱིས་རང་ཁྱིམ་གྱི་ཕྱུགས་ཟོག་ལ་ལྟ་སྐྱོང་གནང་བ། (ཟླ་7ཚེས་1ཉིན་པར་བླངས) ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥེའེ་ཡིས་པར་བླངས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392289071