བོད་ལྗོངས།
བོད་ལྗོངས་ཀྱི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་ དོ་དམ་མི་སྣར་གསོ་སྦྱོང་བྱས་པ།

    ཉེ་དུས་2020ལོའི་བོད་རང་ལྗོངས་ཀྱི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་དོ་དམ་མི་སྣའི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྱོང་གསོ་སྦྱོང་འཛིན་གྲྭ་གཞིས་རྩེར་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ནས་ཡོང་བའི་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་དོ་དམ་མི་སྣ་80ལྷག་ཙམ་ལ་དུས་ཡུན་ཉིན་7གྱི་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་འདི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལས་སྟེགས་ཀྱི་བཀོལ་སྤྱོད་ཁྱབ་གདལ་དང་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང་གྲངས་འཛིན་ཅན་དུ་སྐྲུན་མགྱོགས་སུ་བཏང་ནས་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་དོ་དམ་མི་སྣའི་གྲངས་འཛིན་རིག་གནས་ཐོན་ཁུངས་འཛུགས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དེ་རེད།

    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀོན་ཀྲང་དབྱངས་ཅན་སྒྲོལ་དཀར་གྱིས། རྫོང་རིམ་པའི་སྒྱུ་རྩལ་ཚོགས་པ་ནི་རང་ལྗོངས་ཀྱི་རིག་གནས་སྟོབས་ཤུགས་དང་རིག་གནས་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན་ཞིང་། དེས་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་དང་། ཕུལ་བྱུང་གི་རིག་རྩལ་ལེ་ཚན་གསར་གཏོད་དང་འགྲེམས་སྟོན། ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། གཞི་རིམ་གྱི་རིག་གནས་དང་བྱ་གཞག་དར་རྒྱས་གོང་འཕེལ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་འཁྲུག་ཆ་དོད་དུ་གཏོང་བ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁུར་ཡོད་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392457921