བོད་ལྗོངས།
རྒྱལ་སའི་སྒྱུ་རྩལ་མཁས་ཅན་གྱིས་ལྷ་སར་རིག་རྩལ་བྱེད་སྒོ་སྤེལ་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། སྐལ་བཟང་མེ་ཏོག་རབ་ཏུ་བཞད་པའི་དུས་འདིར། ཉིན་ཤས་གོང་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་སའི་ལས་རིགས་ཁག་གི་རིག་རྩལ་མཁས་ཅན་30ལྷག་ཙམ་སྒྲིག་འཛུགས་བྱས་ནས། ལྷ་སར་བསྐྱོད་དེ“དུས་རབས་གསར་པར་མདུན་སྐྱོད་ཀྱིས་བློ་སེམས་གཅིག་མཐུན་འབྱོར་འབྲིང་ཕྱོགས་སུ་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད། ཝུའུ་ལན་མུའུ་ཆིའི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་རིག་རྩལ་རྟ་དམག་གིས་ལྷ་སའི་མི་དམངས་ལ་རིག་རྩལ་འཁྲབ་སྟོན་དང་ཡིག་རིས་སྤེལ་རེས་སོགས་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས།

    ཚེས་19ཉིན། 《ཇོ་མོ་གླང་མ》ཞེས་པའི་གླུ་དབྱངས་ཁྲོད་ནས་ད་ཐེངས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་འཁྲབ་སྟོན་ཐོག་མ་འགོ་ཚུགས་ཤིང་། ཁེར་གཞས་དང་། ཁེར་འཁྲབ། སྒྱུ་འཕྲུལ། རྩལ་རྩེད། གླུ་ལེན་གར་འཁྲབ། བོད་རིགས་ཀྱི་ཞབས་བྲོ་སོགས་ལྟད་མོ་ཆེ་བའི་ལེ་ཚན་སྣ་ཚོགས་བཏོན་པས། ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་བསྒྲགས།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་གྲོང་མི་སྔ་སང་སང་ནས་འཁྲབ་སྟོན་ལ་ལྟད་མོ་ལྟ་བར་སླེབས། ལྟད་མོ་ལྟ་མཁན་བོད་རིགས་མང་ཚོགས་ཤིག་གིས“ལོ་གཉིས་གོང་། ང་ཚོ་ལྷུན་གྲུབ་རྫོང་ནས་སྡེ་ཁུལ་གསར་པ་དེར་སྤོས་པ་ཡིན། དེ་གའི་འཚོ་བའི་ཁོར་ཡུག་སྐྱིད་སྣང་དོད་པ་མ་ཟད། ད་དུང་ལས་ཀ་སོགས་གང་ཅིའི་ཐད་སྟབས་བདེ་པོ་འདུག དེ་རིང་ང་ཚོར་དེ་བས་དགའ་འོས་པའི་བྱ་བ་ཞིག་ཡོད་པ་འདི་ནི་རྒྱལ་སའི་རིག་རྩལ་མཁས་ཅན་ཡོང་ནས་ང་ཚོར་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་བྱུང་། ཁོང་རྣམ་པ་ཡང་སེ་ཕེབས་རྒྱུའི་རེ་བ་ཡོད”ཅེས་བཤད།

    པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཉིང་གིས། ལྷ་ས་ནི་པེ་ཅིང་གི་རོགས་སྐྱོར་བྱ་ཡུལ་ཞིག་རེད། འདི་ལོ་པེ་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོའི་ལྟད་མོ་བ་དང་སྤེལ་རེས་བྱེད་པའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་སོང་ཡོད། བྱེད་སྒོའི་བཀོད་སྒྲིག་ཐད། རིག་རྩལ་འཁྲབ་སྟོན་དང་། ཡིག་རིས་སྤེལ་རེས། རིག་གནས་ཉམས་འགྱུར་བཅས་སྡེ་ཁུལ་དང་། སློབ་གྲྭ ས་བབ་མཐོ་བའི་ས་ཁུལ་བཅས་སུ་མངོན་པ་སོགས་ཀྱི་ལྷུ་ཚིགས་ཐད་ཇུས་འགོད་ཤུགས་ཆེན་བྱས་ཏེ། རྒྱ་ཆེའི་མང་ཚོགས་སྔར་བས་མང་བར་ཕན་པ་བསྐྲུན་ཡོད་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393899111