བོད་ལྗོངས།
པའེ་རིགས་ཀྱི་དགེ་རྒན་ཚུན་ཁུན་ཅེ་དང་བོད་གྲིའི་དབར་གྱི་ལས་དབང་།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུའེ་ཝུན་ཤན་དང་སྐལ་བཟང་རྣམ་རྒྱལ།

    སྟོན་འགོར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་གྲང་རླུང་དལ་བུར་ལྡང་ཡང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

    བོད་གྲིའི་བཟོ་རྩལ་དེ་སྤྱིར་ཕྱིར་སློབ་ཀྱི་མེད། འོན་ཀྱང་མཉམ་ལས་ཁང་གི་བཟོ་པའི་དགེ་རྒན་དང་འགན་ཁུར་བ་ཞིག་ཡིན་པའི་ཚུན་ཁུན་ཅེ་ནི་དམིགས་བསལ་རེད་ལ་ཁོང་ནི་ལྷོ་རོང་བོད་གྲིའི་བཟོ་རྩལ་ཁོང་དུ་ཆུད་མཁན་གྱི་པའེ་རིགས་བ་ཐོག་མ་ཡང་ཡིན་པ་རེད།

    ཚུན་ཁུན་ཅེས་ལྷ་སར་བསྟེན་པའི་དགེ་རྒན་ནི་ཡུན་ནན་གྱི་བོད་གྲི་བཟོ་མཁན་ཀྲང་ཤིན་ཧྥུང་ཡིན་ཞིང་། ཁོང་གིས“སྐབས་དེ་དུས་ཉིན་མོ་རྒན་ལགས་ཀྱི་དྲུང་ནས་བོད་གྲི་བཟོ་སྟངས་སྦྱོང་བ་དང་དགོང་མོ་བོད་གྲིའི་བཟོ་ལྟ་འཆར་འགོད་བྱེད་ཀྱི་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།

    ཚུན་ཁུན་ཅེར་གཞན་ལས་ལྷག་པའི་སྦྱོང་འདོད་དང་འབད་བརྩོན་ལྡན་ཡོད། བོད་གྲི་བཟོ་སྟངས་སྦྱོང་བར་སྤྱིར་བཏང་དུས་ཡུན་ལོ་3དང་དེའི་ཐོག་དགེ་རྒན་ལ་བཀའ་དྲིན་གསོ་བའི་ལོ་1བསྣན་ཚེ་དགེ་ཕྲུག་བྱེད་པའི་ལོ་4ཡི་རིང་གླ་ཆ་ཕིང་གཅིག་ཀྱང་མེད། འོན་ཀྱང་ཚུན་ཁུན་ཅེས་བོད་གྲི་བཟོ་རྩལ་མགྱོགས་མྱུར་ཁོང་དུ་ཆུད་ནས་བཟོ་རྩལ་ཡང་ཡག་པོ་ཡོད་པས་ལོ་གསུམ་པ་དེར་གླ་ཆ་ལེན་ཐུབ་པ་རེད།

    1995ལོར་དགེ་ཕྲུག་ཐོན་རྗེས་ཀྱི་ཚུན་ཁུན་ཅེ་ཉིང་ཁྲི་སྤོ་བོ་རྫོང་དུ་ལོ་11བསྟུད་མར་བོད་གྲི་བཟོ་འཚོང་གི་ལས་ལ་གཞོལ། ལོ་ཤས་བསྟུད་མའི་ཉམས་མྱོང་གསོག་འཇོག་བརྒྱུད་ཚུན་ཁུན་ཅེ་རིམ་བཞིན་བོད་གྲི་བཟོ་རྩལ་ཁྱད་དུ་འཕགས་པའི་ཕུལ་བྱུང་བཟོ་བོ་ཞིག་ལ་གྱུར།

    “ང་ལོ་4ཡི་གོང་ལྷོ་རོང་རྫོང་དུ་ཡོང་ནས་རྒན་བསོད་ནམས་རྒྱ་མཚོའི་དྲུང་ནས་ལྷོ་རོང་གི་བོད་གྲི་བཟོ་རྩལ་སྦྱངས་པ་ཡིན”ཞེས་བརྗོད་པ་དང་། ལྷོ་རོང་གི་བོད་གྲི་བཟོ་རྩལ་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་པས་ཁོང་ལ་སླར་ཡང་སྦྱོང་འདོད་དང་དཔྱད་གཞིར་འཛིན་རྒྱུའི་སྤྲོ་བ་ཆེན་པོ་འཕེལ་ཡོད།

    ལོ་ཤས་ནང་སློབ་སྦྱོང་བྱས་པ་བརྒྱུད་ཁོང་བསོད་ནམས་རྒྱལ་མཚན་གྱི་དངོས་སློབ་སུ་གྱུར་ཞིང་། བགྲེས་སོང་ཁོང་དགོངས་པ་རྫོགས་རྗེས་ཚུན་ཁུན་ཅེས་མཉམ་ལས་ཁང་གི་དགེ་རྒན་གཙོ་བོའི་འགན་ཁུར་ཏེ་དགེ་ཕྲུག་ཚོའི་སྣེ་ཁྲིད་དེ་ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷོ་རོང་བོད་གྲི་མུ་མཐུད་སེམས་རྣལ་དུ་ཕབ་ནས་བཟོ་བ་དང་ལེགས་བཅོས་ཀྱི་ལམ་བུར་བསྐྱོད།

    “སྐབས་དེ་དུས་མཉམ་ལས་ཁང་གི་སྐྱོན་ཆ་ཆེ་ཤོས་ནི་བཟོ་ཡུན་ཅུང་རིང་བས་ཕན་འབྲས་སྔར་བས་མཐོ་རུ་གཏོང་རྒྱུ་དེ་རེད”ཅེས་ཚུན་ཁུན་ཅེ་ཡིས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ་དཔྱད་གཞིར་འཛིན་ནས་ལྷོ་རོང་གི་བོད་གྲིའི་འགྲན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    མིག་སྔར་ཚུན་ཁུན་ཅེར་དགེ་ཕྲུག་9ཡོད་པ་ཚང་མ་དེ་སྔ་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ལོ་29ལ་སླེབས་པའི་བྱམས་པ་ལྷུན་གྲུབ་ཀྱིས་རྒན་ལགས་ཀྱི་མཛུབ་ཁྲིད་འོག་ཐོ་བས་ལྕགས་ལེབ་རྡུང་བཞིན“ཟླ་རེར་ལས་ཀ་ཉིན་20བྱས་ཚེ་གླ་ཆ་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད་ལ་ལོ་མཇུག་ཏུ་གྲོང་ཚོས་ཁེ་སྤོགས་བགོ་བཤའ་ཡང་རྒྱག་གི་འདུག”ཅེས་བཤད།

    མི་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱ་ཆེད། ཚུན་ཁུན་ཅེ་ཡིས་ད་དུང་གྲོང་མི་དང་མཉམ་ལས་བྱས་ཏེ་ཁྱིམ་ཚང་ཚང་མས་ཚད་གཞི་ལྟར་གྲི་ཤུབས་འཚེམ་རྒྱུར་ལྕག་སྐུལ་བྱས་ནས་མཉམ་ལས་ཁང་གིས་གཅིག་གྱུར་ཉོ་སྒྲུབ་བྱེད་ཀྱི་ཡོད།

    སླད་ཕྱིན་གྱི་བསམ་ཚུལ་སྐོར་གླེང་སྐབས། ཚུན་ཁུན་ཅེས“བོད་རིགས་དགེ་རྒན་གྱིས་ངར་ལྷོ་རོང་གི་བོད་གྲི་བཟོ་སྟངས་བསླབས་པས་ང་ལ་གནའ་བོའི་ལག་རྩལ་དེ་མུ་མཐུད་རྒྱུན་འཛིན་བྱེད་པའི་འོས་འགན་ཡོད”ཅེས་བཤད། ཚུན་ཁུན་ཅེའི་ངོས་ནས་བརྗོད་ན་བོད་གྲི་བཟོ་རྩལ་ནི་ལས་ཀ་ཞིག་རེད་ལ་འགན་འཁྲི་ཞིག་དེ་བས་ཀྱང་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394366101