བོད་ལྗོངས།
མཁའ་དབྱིངས་ཀྱི་བོད་ལྗོངས·ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

    ཚེས་19ཉིན་གྱི་སྔ་དྲོ་སྤྲོ་སེམས་རབ་ཏུ་འཕེལ་བའི་ཞབས་བྲོ《བཀྲ་ཤིས་ཞོལ་པ》འཁྲབ་པ་དང་བསྟུན་ནས“མཁའ་དབྱིངས་ཀྱི་བོད་ལྗོངས·ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དང་པོ”དངོས་སུ་ལྷ་སར་འགོ་ཚུགས་ཤིང་། བྱེད་སྒོ་དེ“མཁའ་དབྱིངས་ཀྱི་བོད་ལྗོངས·དུས་རབས་གསར་པར་སྙེགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗིད་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་བྱེད་སྒོ་བསྡུ་རུབ་ཀྱི་ནང་དོན་དུ་བྱས་ཡོད། ཡི་གེ་དང་། པར་རིས། བརྙན་ལམ་སོགས་ཀྱི་ཐོག་ནས་བོད་ཀྱི་གཏམ་རྒྱུད་བརྗོད་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།

    སྐབས་འདིའི་བརྙན་པར་དུས་ཆེན་དེ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཉེར་རོགས་བྱས་པ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དྲ་རྒྱའི་བརྙན་པར་དུས་ཆེན་ལ་སྤྱི་ཚོགས་ནས་འཚོལ་བསྡུ་དང་གནས་གཏན་འཁེལ་གྱི་གདན་ཞུའི་འགྲན་ཞུགས་བྱེད་ཐབས་གཉིས་སྤྱད་ཡོད། སྤྱི་བསྒྲགས་དང་བརྙན་པར་དུས་ཆེན་གྱི་སྒྲིག་ཡིག་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་ཀྲུང་དབྱང་བརྙན་ལམ་Appའབྲེལ་ཡོད་ཆེད་སྒྲིག་ལེ་ཚན་ཐོག་ཡོངས་བསྒྲགས་བྱས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394558131