བོད་ལྗོངས།
ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་རྡལ་གྱི་ལག་བསྟར་རྟེན་གཞིའི་སྒོ་བྱང་བཀལ་བ།

    ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་རྡལ་གྱི་ལག་བསྟར་རྟེན་གཞིའི་སྒོ་བྱང་བཀལ་བ་རེད། ད་རེས་ཀླུ་སྒུག་སྡེ་ཁུལ་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་རྡལ་གྱི་ལག་བསྟར་རྟེན་གཞི་འབའ་ཞིག་ཏུ་གཏན་འཁེལ་བྱས་ནས་སྒོ་བྱང་བཀལ་བ་ལས་རྒྱལ་ཁབ་དམངས་ཨུད་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་སྐད་གཉིས་སློབ་སྦྱོང་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་སྔར་ནས་བཟུང་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཐོང་ཆེན་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལས་དོན་གྲོང་ཁྱེར་ཡོངས་ཀྱི་དོན་ཆེན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། བྱ་ཐབས་ནུས་ལྡན་ཧུར་ཐག་སྤྱད་པ། མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག མི་རིགས་མཐུན་སྒྲིལ་ལས་དོན་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པ་ལས་མི་རིགས་ཁག་གི་མི་དམངས་སྤེལ་རེས་མཉམ་འདྲེས་དང་། བདེ་སྡུག་མཉམ་མྱོང་། སྤུན་ཉེ་འཆམ་མཐུན། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394558471