བོད་ལྗོངས།
བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་འཁོར་ཁང་108བཙུགས་པ།

    གསར་འགོད་པས་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2020ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་འཁོར་ཁང་108བཙུགས་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1710ཙམ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི་རེར་ཟླ་རེར་ཡོང་འབབ་སྒོར་3675ཟིན་པ་མ་ཟད། ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་སྣེ་ཁྲིད་པ་དང་སྐད་གྲགས་ཆོད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟཌ་ཁག་གཅིག་ཐོན་ཡོད།

    རིག་གནས་དང་ཡུལ་སྐོར་པུའི་མངོན་མིན་རིག་གནས་ཤུལ་བཞག་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཁྲེན་དབྱང་གིས། 2018ལོར། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་གཙོ་གནད་རྒྱབ་སྐྱོར་ས་ཁུལ་10ཡི་གྲས་སུ་བརྩིས་ནས་སྒོར་ཁྲི་125བཏང་སྟེ་ས་གནས་དེ་གའི་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    ད་ཆ། བོད་དུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་88དང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96ཡོད་པ་དང་། ལྗོངས་དང་གྲོང་ཁྱེར་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2364དང་ལྗོངས་དང་གྲོང་ཁྱེར་དང་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1435ཡོད། རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2.3བཏང་ནས་བོད་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395131791