བོད་ལྗོངས།
བོད་ལྗོངས་མངའ་རིས་ཀྱི་ས་འོག་ནས་ཤིང་བརྙན་ཐོག་མར་ཐོན་པ།

    ས་མདའ་ལུང་བང་སོའི་ཡུལ་ལྗོངས། (དཔྱད་གཞིའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གནའ་རྫས་རྟོག་ཞིབ་གསར་ཤོས་ལས་མངོན་པ་ལྟར་ན། མངའ་རིས་ས་མདའ་ལུང་གི་བང་སོ་ནས་ཤུལ་བཞག་དངོས་རྫས་འབོར་ཆེན་ཐོན་པའི་ཁྲོད་མཚོ་བོད་ས་མཐོའི་ཤིང་བརྙན་ཐོག་མར་ཐོན་ཡོད།

    བང་སོ་དེའི་གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ནུབ་རྒྱུད་ཀྱི་སྔ་དུས་སྤྱི་ཚོགས་ཀྱི་གྲུབ་ཆ་དང་། འཚོ་བ་སྐྱེལ་སྟངས། དེ་བཞིན་བོད་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ཤིན་ཅང་དང་ཀྲུང་ཡོན་སོགས་ཀྱི་འགྲོ་འོང་ལ་དཔྱད་གཞི་གསར་པ་མཁོ་འདོན་བྱས་ཡོད།

    ས་མདའ་ལུང་བང་སོ་ནས་ཐོན་པའི་འབག (དཔྱད་གཞིའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝུའེ་ཡིས་ས་མདའ་ལུང་གི་བང་སོ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་གནས་ཡོད། བང་སོ་དེ་ཚགས་མཐུག་ཅིང་། དེ་ནས་ཐོན་པའི་ཤུལ་བཞག་དངོས་རྫས་གྲས་སུ་རྫ་ཆས་དང་། ཟངས་ཆས། རྡོ་ཆས། འཁེལ་འཐག་དངོས་རྫས། ཤེལ་ཕྲེང། ཤིང་གི་པུར་སྒམ་སོགས་ཡོད། ལྷག་པར་དུ“ཤིང་བརྙན་ནི་མཚོ་བོད་ས་མཐོ་ནས་ཐོག་མར་ཐོན་པ་ཞིག་ཡིན་ཞིང་། དེའི་བཟོ་དབྱིབས་ཀྱི་ཁྱད་ཆོས་ཤིན་ཅང་ཐུའུ་ལུའུ་ཧྥན་རྒྱུད་ཀྱི་བང་སོ་ནས་ཐོན་པའི་ཤིང་བརྙན་དང་འདྲ་པོ་འདུག”ཅེས་བརྗོད།

    ས་མདའ་ལུང་བང་སོ་ནས་ཐོན་པའི་སེར་གྱི་སྐེ་རྒྱན་སོགས། (དཔྱད་གཞིའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    2017ལོའི་ཟླ་12པར། རྩ་མདའ་རྫོང་གིས་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ལག་ལེན་བྱེད་སྐབས་བང་སོ་དེ་ཐོག་མར་ཤེས་རྟོགས་ཐུབ། དེ་རྗེས་ས་མདའ་ལུང་གི་བང་སོ་སྔོག་འདོན་བྱེད་རྒྱུ་དེ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཀྱི་རྣམ་གྲངས་སུ་བཅུག་པ་མ་ཟད། གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་རྩ་མདའ་རྫོང་རིག་དངོས་ཅུས་ཀྱི་དུས་ཚིགས་བཞིའི(2017ལོ་ནས་2020ལོ་བར)རིང་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་ཡོད། མིག་སྔར་རྣམ་གྲངས་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395721941