བོད་ལྗོངས།
བོད་ཀྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་སྟོང་གི་མཐོ་བྷོད་དུར་རྫས་ཧྲིལ་པོ་ཐོག་མར་སྤོས་པ།

    ན་ལུང་བང་སོ། (དཔྱད་གཞིའི་འདྲ་པར། རྩ་གསུམ་དཔེ་དབྱིབས་ཀྱི་ཐད་ལེན་པར་རིས) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སོའོ་ནས་པར་རིས་མཁོ་འདོན་བྱས)

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ན་ལུང་རི་ལྡེབས་སུ་གནས་པའི་བཙན་པོའི་དུས་ཀྱི་བང་སོ་ཞིག་ཆ་ཚང་པོའི་ངང་ཉར་ཚགས་དང་དེ་བཞིན་དུས་མཇུག་གི་འགྲེམས་སྟོན་འགན་ལེན་བྱ་ཆེད། འདི་ལོའི་ཟླ་བདུན་པ་ནས་བཟུང་། བོད་ལྗོངས་གནའ་རྫས་རྟོག་ཞིབ་མི་སྣས་དུར་རྫས་ཧྲིལ་པོ་སྤོས་པ་དེ་ལས་བོད་ཀྱི་མངའ་ཁོངས་སུ་ལོ་ངོ་སྟོང་གི་གནའ་བོའི་དུར་རྫས་ཧྲིལ་པོ་ཐོག་མར་སྤོས་པ་མཚོན་ཡོད།

    ན་ལུང་བང་སོ་ནས་ཐོན་པའི་ལིའི་རྒྱན་ཆ་དང་ལི་ཆས། (དཔྱད་གཞིའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སོའོ་ནས་པར་རིས་མཁོ་འདོན་བྱས)

    ས་བབ་སྨི་4700ལྷག་ཙམ་ཡོད་པའི་ན་ལུང་བང་སོ་རི་ཐང་དུ་གནས་པས་ལོ་འཁོར་མོར་ཆར་རླུང་ཁྲོད་དུ་གཏོར་སྐྱོན་ཕོག་ཡོད། 2019ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་ཆེད་ལས་མི་སྣས་བང་སོ་དེར་ས་གནས་ས་ཐོག་གི་རྩད་ཞིབ་བྱས་ནས། 2020ལོའི་ཟླ་7པ་ནས་བཟུང་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་དང་། དེ་བཞིན་དུར་རྫས་ཧྲིལ་པོ་སྤོས་པ་དང་ཟླ་11པར་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་དུར་རྫས་གཙང་བཤེར་སོགས་ཀྱི་རྗེས་མཐུད་ལས་དོན་སྤེལ་བ་རེད།

    གནའ་རྫས་རྟོག་ཞིབ་མི་སྣས་གཙང་སེལ་བྱས་ནས་བླངས་པའི་ཆ་ཚང་བའི་བང་སོ། (དཔྱད་གཞིའི་འདྲ་པར) ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སོའོ་ནས་པར་རིས་མཁོ་འདོན་བྱས)

    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝུའེ་ཡིས། རི་ཐང་དུ་གནའ་རྫས་ལ་དུས་ཡུན་རིང་པོ་གཙང་སེལ་བྱས་ཚེ། དུར་རྫས་ལ་སྨུག་ཕྱིའི་འོད་ཟེར་ཤུགས་ཆེན་ཕོག་ནས་རྗེས་ཤུལ་དང་གནའ་རྫས་བསྐམས་ནས་གས་པ་མ་ཟད། ད་དུང་རི་ལྡེབས་ཀྱི་ས་སོབ་སོབ་ཡིན་པར་བརྟེན། ས་གནས་ས་ཐོག་ཏུ་གཙང་སེལ་བྱེད་དཀའ་བས་གནའ་རྫས་རྟོག་ཞིབ་མི་སྣས་མཐར་སྒམ་དུ་བླུགས་ནས་ཐུམ་སྒྲིལ་བརྒྱབ་སྟེ་སྤོས་པ་རེད་ཅེས་བཤད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395908541