བོད་ལྗོངས།
དངོས་མཚོན་གློག་བརྙན《ཧི་མ་ལ་ཡ་སྒྲོལ་བ》ཞེས་པ་སྟོན་པ།

    དུས་རབས་གསར་པའི་བོད་ཀྱི་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པ་སྔར་བས་ལེགས་པའི་སྒོ་ནས་མངོན་པ་དང་། ཀྲུང་གོའི་ཕུགས་འདུན་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཧུར་ཐག་བྱེད་པ་འགོད་པ། བོད་ལྗོངས་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཡིན་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སྣེ་ཁྲིད་དེ་པེ་ཅིང་ཡུལ་སྐོར་ཤེས་རྟོགས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་དུ་ཇུས་འགོད་དང་པར་ལེན་ཞིབ་ཚགས་བྱས་པའི་ལེའུ་གསུམ་ཡོད་པའི་དངོས་མཚོན་གློག་བརྙན《ཧི་མ་ལ་ཡ་སྒྲོལ་བ》ཞེས་པ་ཟླ་12ཚེས་14ཉིན་ནས་བཟུང་ཉིན་ལྟར་གྱི་དགོང་མོའི་ཆུ་ཚོད་19:23ལ་CCTV—9ཐོག་སྟོན་གྱི་ཡོད་པ་རེད།

    《ཧི་མ་ལ་ཡ་སྒྲོལ་བ》ཞེས་པའི་པར་ལེན་ཚོགས་པས་སྔ་རྗེས་སུ་ལྷ་ས་དང་། འགྲམ། སྐྱིད་གྲོང་སོགས་ས་ཆའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དང་། གྲོང་ཚོ་དང་གྲོང་རྡལ། ཁེ་ལས་སོགས་སུ་བསྐྱོད་པ་དང་སྦྲགས་ནེ་པ་ལ་སོགས་ཐག་རིང་ས་ཆར་བསྐྱོད་དེ་བརྟག་ཞིབ་དང་བཅར་འདྲི་རྒྱ་ཁྱབ་ངང་བྱས་པ་དང་དཔྱད་གཞི་མང་པོ་པར་དུ་བླངས་པ་རེད། དངོས་མཚོན་གློག་བརྙན་དེས་བོད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་དང་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་པའི་མཉམ་ལས་འདུ་ཤེས་ཀྱི་ཞིབ་ཕྲའི་གྲུབ་འབྲས་དོན་འཁྱོལ་གྱིས་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཡིན་པའི་གྲུབ་འབྲས་ཆེན་པོ་དང་རྣམ་པ་གསར་པ་གང་ལེགས་མངོན་པ་དང་བོད་ཀྱི་མྱུར་ཚད་དང་སྟོབས་ཤུགས་སོགས་མངོན་པར་བྱས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395932871