བོད་ལྗོངས།
འདི་ལོའི་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ལས་རིགས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་པ།

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ལས་རིགས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་60.95ཟིན་ནས་རིག་གནས་ཁེ་ལས་སྣ་ཚོགས་7500ལྷག་ཙམ་དང་། ལས་གཉེར་བ་ཁྲི་7ཙམ་ཡོད་པ་མ་ཟད། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང(ཆུས)བཅས་རིམ་པ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)234ཡོད་པ་རེད། རིག་གནས་ཀྱི་ཁེ་ལས་དེ་དག་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་དང་གཙོ་གནད་རོགས་སྐྱོར་གྱི་ཁྲོམ་རའི་བྱེད་པོར་གྱུར་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་རིག་གནས་ཐོན་ལས་ལས་དོན་གྱིས“རིག་གནས་ཐོན་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གྱི་ཐོན་ལས་གསར་པ་ཞིག་ཏུ་འགྱུར་བར་བྱེད་པའི”སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ལས་དོན་ལ་སྐུལ་མ་ཟམ་མི་ཆད་པར་བཏང་བས། རང་ལྗོངས་ཀྱི་རིག་གནས་ཐོན་ལས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བརྟན་པོ་ཞིག་རྒྱུན་འཁྱོངས་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དེ་འདུ་འགོད་གསར་པ་དང་རྣམ་པ་གསར་པ་ཞིག་ཏུ་མུ་མཐུད་གཏོད་རྒྱུ་ཡིན་པ་དཔེར་ན། “རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཀྱི་ས་ཁོངས་སྤྱི་སྤྱོད་ཀྱི་སྤུས་རྟགས་མཐོར་གཏོང་དང་། “རིག་གནས་བསམ་བཀོད་ཀྱི་བོད་ལྗོངས་1+74”ཡི་གསར་དར་ལས་རྣམ་སྐྱེད་སྲིང་འདུ་འགོད། “ཀྲུང་གོའི་བོད་ལྗོངས་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང”གི་འཆར་འགོད་འཛུགས་སྐྲུན་ལས་གྲྭ་སོགས་གཙོ་གནད་བཀོད་སྒྲིག་བྱས་པ་དེ་དག་གིས་བོད་ཀྱི་རིག་གནས་ཐོན་ལས་ཧྲིལ་པོའི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396233741