བོད་ལྗོངས།
བོད་ཀྱི་ལྗོངས་ཡོངས་ཀྱི་གནའ་དཔེ་རྩ་ཆེན་305《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་ཚུད་པ།

    འདི་ནི་གནའ་དཔེ་ཉམས་གསོ་ཆེ་མོ་བ་ཚེ་རིང་གཡང་འཛོམས(དཀྱིལ)ཀྱིས་ལྟ་སྐོར་བར་གནའ་དཔེ་ཉམས་གསོའི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    གསར་འགོད་པར་བོད་རང་སྐྱོངས་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ཁག་དྲུག་པ་ཁྱབ་བསྒྲགས་བྱས་ཤིང་། ཁྱོན་རྩ་ཆེའི་གནའ་དཔེ་752འོས་སྦྱོར་མིང་གཞུང་ནང་ཚུད་པ་ལས། རྒྱལ་ཡོངས་ནས་བོད་ཡིག་གི་གནའ་དཔེ་38ད་ཐེངས་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང་ནང་ཚུད་ཡོད་པ་རེད། དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་14ཡོད་པའི་གྲས་སུ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་གནའ་དཔེ་4དང་། ལྷོ་ཁའི་གནའ་དཔེ་4 ཆབ་མདོའི་གནའ་དཔེ་3 ཉིང་ཁྲིའི་གནའ་དཔེ་3བཅས་ཚུད་ཡོད། ད་ལྟའི་བར། 《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ཁག་དང་པོ་ནས་ཁག་དྲུག་པ་བར་འདུན་ཞུ་བྱེད་རིང་། ལྗོངས་ཡོངས་ཀྱི་གནའ་དཔེ་305རྩ་ཆེའི་གནའ་དཔེར་བདམས་ཡོད་པ་རེད།

    2007ལོ་ནས་བཟུང་། “《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》དང་རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་ཚན་པའི”འདུན་ཞུའི་ལས་དོན་སྤེལ་ཚུན། རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ཁག་དང་པོ་ནས་ཁག་དྲུག་པ་བར་གྱི་འདུན་ཞུའི་ལས་དོན་སྤེལ་བ་རེད། 《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་ཚུད་པའི་གནའ་དཔེ་305ཡི་ཁྲོད་ཁག་དང་པོར་གནའ་དཔེ་6དང་། ཁག་གཉིས་པར་གནའ་དཔེ་16 ཁག་གསུམ་པར་གནའ་དཔེ་12 ཁག་བཞི་པར་གནའ་དཔེ་124 ཁག་ལྔ་པར་གནའ་དཔེ་133 ཁག་དྲུག་པར་གནའ་དཔེ་14བཅས་ཡོད་པ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ལ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་ཚན་པ་དྲུག“རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་ཚན་པར”འདུན་ཞུ་ཕུལ་ཡོད། དེའི་ནང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། པོ་ཏ་ལ་དོ་དམ་ཁྲུའུ། བོད་ལྗོངས་ཡིག་ཚགས་ཅུས(ཁང) ནོར་བུ་གླིང་ཁ་དོ་དམ་ཁྲུའུ་བཅས“རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་ཚན་པར”བདེ་བླག་ངང་བདམས་ཐོན་བྱུང་ཡོད། 2020ལོ་ནས་བཟུང་། རང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》དང“རྒྱལ་ཡོངས་ཀྱི་གནའ་དཔེ་གཙོ་གནད་སྲུང་སྐྱོང་ཚན་པའི”འདུན་ཞུའི་ལས་དོན་ཁག་དང་པོ་དངོས་སུ་འགོ་བཙུགས་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396768751