བོད་ལྗོངས།
བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ།-

    ཉེ་ཆར་ལྷ་སར་འཚོགས་པའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། མཐུན་ཚོགས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་འཚོལ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་དང་སྦྲགས། ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་ཚད་ལྡན་ཡིག་ཆ་དང་ལོ་རྒྱུས་ཀྱི་དཔྱད་གཞི་རྒྱུན་ཆད་མེད་པར་ཤེས་རྟོགས་ཐུབ་ཡོད། དེའི་ནང་ཚངས་དབྱངས་རྒྱ་མཚོའི་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་བྲིས་པའི《མེ་ཁྱི་ལོར་ཚངས་དབྱངས་རྒྱ་མཚོ་གཟིགས་སྐོར་དུ་ཕེབས་པའི་ཉིན་ཐོ》ཤེས་རྟོགས་དང་། ལེགས་སྒྲིག ཡིག་སྒྱུར། པར་སྐྲུན་བཅས་བྱས་ནས། ཚངས་དབྱངས་རྒྱ་མཚོ་སྲིད་ལ་ཞུགས་མཚམས་བཞག་ནས་མྱ་ངན་ལས་འདས་པའི་བར་གྱི་ལོ་རྒྱུས་དཔྱད་གཞིའི་སྟོང་ཆ་བསྐངས་ཡོད་པ་རེད། ཚངས་དབྱངས་རྒྱ་མཚོའི་བརྩམས་ཆོས་གལ་ཆེན《ཨོ་རྒྱན་གླིང་པའི་རྣམ་ཐར》ཤེས་རྟོགས་དང་། ལེགས་སྒྲིག ཡིག་སྒྱུར་བཅས་བྱས་པ་དང་རྩ་ཆེའི་བསྟན་བཅོས་དེ་ཤེས་རྟོགས་ཐུབ་པར་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་7ཚེས་22ཉིན་བོད་ལྗོངས་ཚངས་དབྱངས་རྒྱ་མཚོ་རིག་གནས་ཞིབ་འཇུག་མཐུན་ཚོགས་ལྷ་སར་བཙུགས་ཤིང་། ལོ་བཞིའི་རིང་མཐུན་ཚོགས་དེས་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་རིག་གནས་ཀྱི་བསྟན་བཅོས་ཁག་དྲུག་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར། དཔེ་སྐྲུན་བཅས་བྱས་པ་དང་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་གསུང་འབུམ་སོགས་ཆེད་རྩོམ་ཁག་4ལེགས་གྲུབ་ཟིན་ཡོད། ལེའུ་50ཡོད་པའི《ཚངས་དབྱངས་རྒྱ་མཚོའི་སྐོར་གླེང་བ》སྒྲ་ཕབ་ཐོན་རྫས་དྲ་ཐོག་ཏུ་བཀོད་པ་དང་རྨང་གཞི་དེའི་ཐོག《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར》ལེགས་གྲུབ་ཟིན་ཡོད། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་གླུ་གཞས་གསར་པའི་ཆེད་སྒྲིག་1དང་གཞས་15གསར་རྩོམ་དང་དཔེ་སྐྲུན་བྱས་པ་རེད། རྒྱལ་ཡོངས་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུ་སྐབས་དང་པོ་འཚོགས་པ་དང་དུས་མཚུངས། སྙན་ངག་འགྲན་བསྡུར་དང་། ཡིག་གཟུགས་འགྲན་བསྡུར་ཆེན་པོ། འཆད་ཁྲིད་རབ་དང་རིམ་པ་སོགས་འབྲེལ་ཡོད་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས། ལྗོངས་ཕྱི་ནང་གི་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བར་དོ་ཁུར་དང་དགའ་གཅེས་རྒྱ་ཁྱབ་ཐོབ་པ་མ་ཟད། རྒྱལ་ནང་དུ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396954561