བོད་ལྗོངས།
རྡོ་རྗེ་དོན་གྲུབ་ལགས་ནས་ཁྱེད་ལ་ཕུལ་བའི་ལོ་གསར་གྱི་སྙན་དབྱངས།

    གྲགས་ཅན་གཞས་མ་ཚེ་བརྟན་སྒྲོལ་མ་ལགས་དང་མཉམ་དུ།

    གར་སྟེགས་ཐོག་འཁྲབ་སྟོན་གནང་བཞིན་པའི་རྡོ་རྗེ་དོན་གྲུབ་ལགས།

    གླུ་གཞས་མཁས་པ་གྲགས་ཅན་རྒྱ་ཆུང་རྡོ་རྗེ་དོན་གྲུབ་ལགས་ནི་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་ཆེད་ལས་འཁྲབ་སྟོན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་དང་། གཞོན་སྐྱེས་རོལ་དབྱངས་མཁས་ཅན་ཞིག་རེད། སྤྱི་ལོ་1999ལོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རོལ་དབྱངས་སློབ་གླིང་ནས་མཐར་ཕྱིན། རོལ་དབྱངས་ལམ་བུའི་ཐོག་མིག་སྔའི་བར་ཁོང་ལ་བྱ་དགའ་ཧ་ཅང་མང་པོ་ཐོབ་མྱོང་ཡོད། དེ་ཡང་། སྤྱི་ལོ་1998ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤིང་ཤིང་བུམ་པའི་གླུ་དབྱངས་འགྲན་བསྡུར་ནང་ཁོང་ལ་ཆེད་ལས་ཚོ་ཆུང་གི་བྱ་དགའ་རིམ་པ་ཨང་གཉིས་པ་ཐོབ་པ་དང་། སྤྱི་ལོ་2002ལོར་ལྗོངས་ཡོངས་ཀྱི་གླུ་དབྱངས་འགྲན་བསྡུར་ཁྲོད་ཆེས་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱ་དགའ་ཐོབ་པ། སྤྱི་ལོ་2011ལོར་ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའི་གཅིག་བྱས་པ་ལྔའི་ལས་གྲྭའི་བྱ་དགའ་ཐོབ་པ། སྤྱི་ལོ་2015ལོར་རྒྱལ་ཡོངས་ཀྱི་ལ་གླུའི་འགྲན་བསྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད། གཞན་ཡང་། སྔ་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་རོལ་དབྱངས་ལེ་ཚན་གྱི་ཀྲུང་གོའི་དམངས་གླུའི་ལོ་གསར་རྟེན་འབྲེལ་མཚན་ཚོགས་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་། ལྷ་ས་བརྙན་འཕྲིན་ལས་ཁུངས། ཨ་མདོ་བརྙན་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་སོགས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་མཚན་ཚོགས་མང་པོར་ཞུགས་མྱོང་ཡོད། མ་ཟད་ད་དུང་ཨུ་རུ་སུ་དང་། རོ་མ་ཉི་ཡ། སེར་ཝུའེ་ཡ། སི་རོ་ཧྥར་ཁེ། སི་རོ་ཝུན་ཉི་ཡ། སེང་ག་ཕོ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུའང་རིག་རྩལ་འཁྲབ་སྟོན་གནང་བར་ཕེབས་མྱོང་ཡོད།

    གཞི་རིམ་གྱི་རིག་རྩལ་འཁྲབ་སྟོན་ནང་ཞུགས་བཞིན་པའི་རྡོ་རྗེ་དོན་གྲུབ་ལགས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397293561