བོད་ལྗོངས།
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དུས་ཆེན་གཉིས་ཀྱི་སྔ་ནུབ་ཏུ——“ཤེས་བྱའི་ཁུག་མ”གྲོང་མིའི་ལག་ཏུ་སྤྲད་པ།

    ཞོགས་པ་སྔ་པོར་ལས་དོན་མི་སྣ་བསྡད་པའི་རླངས་འཁོར་གཉིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཐོན་ཏེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་སུ་བསྐྱོད།

    འདི་ནི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”ཞེས་པའི་གྲོང་ཚོར་ཐོན་ཁུངས་སྐྱེལ་བའི་བྱེད་སྒོའི་ཁྲོད་ཀྱི་དཔུང་ཁག་ཅིག་རེད།

    དུས་ཡུན་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་ལམ་ཐག་བརྒྱུད། ཁོང་ཚོ་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་པའི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་སྲིན་བུ་རིའི་བཀོད་སྒྲིག་ས་ཚིགས་སུ་འབྱོར་བ་དང་། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཡག་ཆུ་ཤང་གི་གནས་སྤོས་མང་ཚོགས་ཚོ་སྔ་ས་ནས་བྱེད་སྒོ་སྤེལ་ཡུལ་གྱི་ཇ་ཁང་དུ་སླེབས་ཡོད།

    མི་ཚོགས་ཁྲོད་གནས་སྤོས་མང་ཚོགས་མཚོ་མོས་ལག་པ་གཅིག་གིས་ཕྲུ་གུ་དམར་འབྱར་པང་དུ་བཏབ་པ་དང་ལག་པ་གཅིག་གིས་ལོ་བཞི་ལྔ་ལ་སླེབས་པའི་བུ་ཆུང་ཆུང་ཞིག་ཁྲིད་འདུག ཁོང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར། “ལས་དོན་མི་སྣས་ཁ་ས་ནས་ང་ལ་དེ་རིང་དགེ་རྒན་ཡོང་སྟེ‘སློབ་ཚན་ཁྲིད་རྒྱུ’མ་ཟད། ད་དུང་དཔེ་དེབ་སྤྲོད་ཀྱི་རེད་ཅེས་བརྡ་ཐོ་བཏང་བྱུང་བས། ངས་སྔ་ས་ནས་དེ་གར་ཡོང་བ་ཡིན། ངས་ཡི་གེ་མ་ཤེས་རུང་། དེ་གར་བསྡད་ནས་ཉན་འདོད་ཆེན་པོ་འདུག རྗེས་སུ་ངའི་ཕྲུ་གུ་གཉིས་སློབ་གྲྭར་གཏོང་ངེས་ཡིན”ཞེས་བརྗོད།

    རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་བྱེད་སྒོ་དེ་རིགས་སྤེལ་ནས། གནས་སྤོས་མང་ཚོགས་ལ་དཔེ་དེབ་སྤྲད་པ་དང་ཐོན་ཁུངས་བསྐྱལ་བ་དང་ཆབས་ཅིག འཆད་ཁྲིད་པ་གཉིས་གདན་དྲངས་ནས་མང་ཚོགས་ལ་འཆད་ཁྲིད་ཀྱང་བྱས་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་བོད་རྒྱའི་རྨང་གཞིའི་ཤེས་བྱ་དང་། ལོ་རྒྱུས། རིག་གནས། ལས་རིགས་ལག་རྩལ་སོགས་ཀྱི་དཔེ་དེབ་སྣ་ཁ་140ལྷག་ཙམ་སྤྲད་པ་མ་ཟད། ད་དུང་གྲངས་འཛིན་ཅན་གྱི་དཔེ་དེབ་ཁག་གཅིག་དང་སྐད་ལམ་ཐོན་ཁུངས་ཀྱང་སྤྲད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397630871