བོད་ལྗོངས།
ལྷ་ས་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་གཉེར་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འོ་ཐང་གི་གཅེས་ནོར་ཞེས་པའི་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་བོད་ལྗོངས་གཡག་བཤམས་མཛོད་ཁང་དུ་གཉེར་ཡོད།

    ད་ཐེངས་འགྲེམས་སྟོན་གྱི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མི་རིགས་ཀྱི་འདུ་ཤེས་རྒྱུན་འཛིན། རིག་གནས་ཀྱི་གཅིག་མཐུན་ངོས་འཛིན་ལ་ཤུགས་སྣོན། མུ་མཐུད་སྤྱི་ཚོགས་ཡོངས་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་པར་སྐུལ་འདེད་གཏོང་ཆེད་བཅས་ཡིན།

    གསར་འགོད་པས་འགྲེམས་སྟོན་སྤེལ་ཡུལ་དངོས་སུ་འགྲེམས་སྟོན་དེ་ཉིད་ཁྱོན་སྡེ་ཚན་8ལ་དབྱེ་ཡོད་པ་དང་། ལོ་གསར་མེ་ཏོག་གི་ཚོན་རྩི་བྱུག་སྟངས་དང་སྙེ་བྲིས་བོད་ཡིག་ཡིག་གཟུགས། ལྷ་སའི་ཤིང་བརྐོས་ལག་རྩལ། ལྷ་མོའི་འཁྲབ་ཆས་བཟོ་སྟངས་སོགས་ལྷ་ས་གྲོང་ཁྱེར་གྱི་ཚབ་མཚོན་རང་བཞིན་གྱི་སྲོལ་རྒྱུན་ལག་རྩལ་འགྲེམས་སྟོན་བྱས་ཤིང་། ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམ་བྱ་ཁག་169འགྲེམས་སྟོན་བྱས་པ་དང་དེའི་ནང་སྲོལ་རྒྱུན་གྱི་ཞབས་བྲོ་དང་རོལ་དབྱངས། འཁྲབ་གཞུང་། མཛེས་རྩལ་སོགས་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་20ལྷག་ཙམ་དང་འབྲེལ་བ་ཡོད་པ་མཐོང་བྱུང་།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ནི་2021ལོའི་ཟླ་4ཚེས་30ཉིན་བར་འགྲེམས་སྟོན་བྱ་རྒྱུ་རེད།

    བསྟན་འཛིན་ལྷག་སྒྲོན། སྒྲོན་ལགས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398518711