བོད་ལྗོངས།
བོད་ཀྱི་དེང་རབས་རྫ་ཆས་རིག་གནས་ཞིབ་འཇུག་ཁང་ལྷ་སར་བཙུགས་པ།

    ཟླ་4ཚེས་24ཉིན་བོད་ཀྱི་དེང་རབས་རྫ་ཆས་རིག་གནས་ཞིབ་འཇུག་ཁང་འཛུགས་པའི་ཚོགས་ཆེན་དང་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་པ་དང་བོད་ཀྱི་རྫ་ཆས་རིག་གནས་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཡང་དེ་ཉིན་འཚོགས་ཤིང་། ལྗོངས་ཕྱི་ནང་གི་རྫ་ཆས་སྒྱུ་རྩལ་མཁས་ཅན་དང་། རིག་གནས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྱིས་བོད་ཀྱི་རྫ་ཆས་ལག་རྩལ་གྱི་རྒྱུན་འཛིན་དང་གསར་གཏོད་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

    “ལོ་རྒྱུས་ཐོག་ཇ་རྟའི་ཚོང་ལམ་དང་དར་གོས་ལམ་བུ་བརྒྱུད་རྫ་ཆས་བོད་དུ་དབོར་མོད། འོན་ཀྱང་ད་ཆ་རིག་གནས་དར་སྤེལ་གཏོང་བའི་ལོ་རྒྱུས་རྒྱབ་ལྗོངས་འོག་ང་ཚོས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་བླངས་ཏེ་བསམ་བཀོད་དང་བཟོ་བོའི་སྙིང་སྟོབས་རྫ་ཆས་ཐོན་རྫས་བཟོ་བར་སྤྱད་ནས་མི་དེ་བས་མང་བས་བོད་ཀྱི་རིག་གནས་ཀྱི་ངོ་མཚར་ཉམས་སུ་མྱོང་ཐུབ་པ་བྱེད་དགོས”ཞེས་བོད་ལྗོངས་དེང་རབས་རྫ་ཆས་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་སུང་མིང་གིས་བརྗོད།

    རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཉི་མ་ཚེ་རིང་གིས། རང་ལྗོངས་ཀྱི་ཐུན་མིན་གྱི་རིག་གནས་ཐོན་ཁུངས་དང་རྫ་ཆས་རིག་གནས་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོའི་བློ་གྲོས་གཅིག་སྡུད་དང་དེ་བཞིན་ས་གནས་ཁག་གི་རྫ་ཆས་རིག་གནས་རྒྱུན་ཆད་མེད་པར་སྤེལ་རེས་དང་མཉམ་འདྲེས་བྱས་ཚེ། བོད་ཀྱི་དེང་རབས་རྫ་ཆས་རྩལ་ནུས་འཕེལ་རྒྱས་དེ་བས་ལེགས་སུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བཀྲག་མདངས་སྦྱིན་ངེས་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399092601